མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨར་ཅི་རི་ཡའི་དམག་ཕྱོགས་ནས་རང་བྱུང་རླངས་ཞིང་ལ་མི་གཏའ་སྐྱོབ་ཐབས་ཀྱི་བྱ་སྤྱོད་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-28 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡའི་གཞུང་ཕྱོགས་གསར་འགྱུར་ཁང་ནས་སྤྱི་ཚེས27ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨར་ཅི་རི་ཡའི་དམག་ཕྱོགས་ནས་ཉིན་དེ་རང་གི་སྔ་དྲོ་དབྱི་ལི་ཅིས་ཞིང་ཆེན། ཨེ་དབྱིན་ཨ་མེ་ན་སི་གྲོང་ཁྱེར་གྱི་རང་བྱུང་རླངས་ཞིང་ལ་མི་གཏའ་སྐྱོབ་ཐབས་ཀྱི་བྱ་སྤྱོད་སྤེལ་ཡོད་ཅིང་། མིག་སྔར་ཨར་ཅི་རི་ཡའི་གཞུང་ཕྱོགས་ནས་མྱུར་སྐྱོབ་བྱ་སྤྱོད་ཀྱི་ཞིབ་ཕྲའི་གནས་ཚུལ་ཟུར་གསལ་བྱེད་མེད་ལ། མི་གཏའི་གྲངས་ཚད་དང་མྱུར་སྐྱོབ་བྱ་སྤྱོད་ནང་ཡང་སྙིང་མི་ག་ཚོད་རྐྱེན་ལམ་དུ་ཤོར་ཡོད་ཚུལ་ཡང་ཁྱབ་བསྒྲགས་བྱས་མེད་པ་རེད།

ཨར་ཅི་རི་ཡའི་གསར་འགྱུར་པུའུ་ཀྲང་མུ་ཧན་མུ་ཏེ་སྲས་དབྱི་ཏེས་མྱུར་སྐྱོབ་བྱ་སྤྱོད་ནང་དྲག་ཆས་པ་མང་པོ་ཞིག་བསད་པ་དང་། ཆབས་ཅིག་མི་གཏའ་ཁག་ཅིག་ཀྱང་ཤི་རྨས་བྱུང་ཡོད་ཅེས་བཤད་ཡོད་ན་ཡང་། མི་ག་ཚོད་ཤི་རྨས་བཟོས་ཡོད་མེད་ཞིབ་ཕྲ་བཤད་མེད་པ་རེད།

ཁོང་གིས་དུས་མཚུངས་བཙན་ཁྲིད་ཀྱི་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་ཞིང་། དྲག་ཆས་པས་ཨར་ཅི་རི་ཡ་འདི་ཉིད་མ་ལིའི་དམག་འཁྲུག་ནང་ཁྲིད་བརྩིས་བྱེད་ཀྱི་ཡོད། རླངས་ཞིང་ལ་འཇབ་རྒོལ་བྱེད་པའི་དམིགས་ཡུལ་ཡང་རྡོ་སྣུམ་གྱིས་རྨང་གཞི་བྱས་པའི་ཨར་ཅི་རི་ཡའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་མད་དུ་གཏོང་རྒྱུ་དེ་ཡིན་པས་ཨར་ཅི་རི་ཡའི་སྲིད་གཞུང་ནས་བཙན་ཁྲིད་པ་དང་དབྱེ་འབྱེད་གྲོས་མོལ་གཏན་ནས་བྱེད་མི་སྲིད་ལ། ཁོ་ཚོའི་བཙན་བཤད་ཀྱི་རེ་བ་གཏན་ནས་སྐོང་མི་སྲིད་ཅེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག