མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨུ་རུ་སུའི་ཉོ་ཚོང་སྡོམ་འབོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-28 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་ཕོ་ཉ། དཔལ་འབྱོར་ཚོང་དོན་ཚན་རྩལ་ལིང་ཅིའི་ཡིས་སྤྱི་ཚེས27ཉིན་ཟུར་གསལ་བྱས་པར་གཞིགས་ན། སྤྱི་ལོ2012ལོར་ཀྲུང་གོ་དང་ཨུ་རུ་སུའི་ཉོ་ཚོང་སྡོམ་འབོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ནས་ཨ་སྒོར་དུང་ཕྱུར881.6ཟིན་པས་ལོ་གོང་མ་ལས11.2%འཕར་ཡོད་པ་རེད།

ལིང་ཅིའི་ཡིས་འབྱུང་འགྱུར་ཀྲུང་གོ་དང་ཨུ་རུ་སུའི་ཉོ་ཚོང་འབྲེལ་བའི་འཕེལ་ཕྱོགས་དེ་རིམ་བཞིན་གཞི་རྒྱ་ཆེ་རུ་གཏོང་བ་ནས་སྤུས་ཚད་མཐོ་རུ་གཏོང་བའི་དུས་མཚམས་ལ་བསྒྱུར་རྒྱུ་རེད། ཀྲུང་གོས་ཨུ་རུ་སུའི་བར་གྱི་དཔལ་འབྱོར་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དོ་སྣང་སྔར་ལས་ལྷག་པ་བྱས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་རྒྱུན་མཐུད་ངང་གོང་འཕེལ་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་དང་། ཁོང་གིས་མ་འཇོག་དང་དཔལ་འབྱོར་ལག་རྩལ་ཁྱབ་ཁོངས་ལ་རྣམ་གྲངས་ཆེ་གྲས་ལག་བསྟར་བྱེད་པ་བརྒྱུད། ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་གོང་འཕེལ་གྱི་མདུན་ལྗོངས་མངོན་པ་བྱ་རྒྱུ་རེད་ཅེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག