མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ལས་ཚབ་ནས་ཀྲུང་ཨའོ་བར་ཕྱི་འབྲེལ་བཙུགས་ནས་ལོ40འཁོར་བར་དྲན་གསོ་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-28 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ལས་ཚབ་སེ་ཝང་གིས་སྤྱི་ཚེས21ཉིན་གསལ་བསྒྲགས་སྤེལ་ནས། ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ40འཁོར་བར་དྲན་གསོ་ཞུས་ཡོད་པ་རེད།

སི་ཝང་གིས་གསལ་བསྒྲགས་ནང་། འདས་པའི་ལོ40ཡི་ནང་། ཨོ་ཀྲུང་བར་གྱི་ཉོ་ཚོང་མ་འཇོག་བསྡོམས་འབོར་ལྡབ1000འཕར་བ་དང་། ཀྲུང་གོ་ད་ཆ་ང་ཚོའི་ཚོང་ཤག་ཆེ་ཤོས་སུ་གྱུར་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡའི་ཐོན་ཁུངས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་ལ་སྐུལ་མ་ཐེབས་ཡོད་ཅེས་དང་། སེ་ཝང་གིས་མིག་སྔར་ཨོ་སི་ཁྲུ་ལི་ཡས་ལོ་ལྟར་ཀྲུང་གོའི་ཡུལ་སྐོར་བ་ལྔ་འབུམ་ལ་སྣེ་ལེན་ཞུ་བ་དང་། ལོ་ལྟར་ཨོ་སི་ཁྲུ་ལི་ཡའི་མི350000ཙམ་ཀྲུང་གོར་འཚམས་འདྲིར་འགྲོ་གི་ཡོད། ཀྲུང་གོའི་སློབ་མ་ཁྲི་སྟོང་མང་པོ་ཨོ་སི་ཁྲུ་ལི་ཡར་སློབ་སྦྱོང་ལ་ཕེབས་ཀྱི་ཡོད་ཅེས་དང་། སེ་ཝང་གིས་ང་ཚོ་སྲིད་གཞུང་གཉིས་པོའི་བར་གྱི་འབྲེལ་བ་ནི་སྐྱོན་བྲལ་དང་རྒྱ་ཆེ་བ་ཞིག་རེད། མ་འོངས་པར་ང་ཚོ་རྒྱལ་ཁབ་གཉིས་པོའི་བར་གྱི་ཕྱོགས་གཉིས་འབྲེལ་བ་ཡག་པོ་དེ་མུ་མཐུད་གོང་འཕེལ་འགྲོ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག