མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་ཨར་ཅི་རི་ཡས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་མཉམ་ལས་བསྒྲགས་གཏམ་ལ་མིང་རྟགས་བཀོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-28 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས20ཉིན། ཧྥ་རན་སིའི་ཙུང་ཐུང་ཨའོ་ལང་ཏེས་ཨར་ཅི་རི་ཡར་ཉིན་གཉིས་རིང་གི་རྒྱལ་དོན་འཚམས་འདྲི་གནང་མཇུག་བསྒྲིལ་ཡོད་པ་རེད། འཚམས་འདྲི་གནང་རིང་། ཧྥ་རན་སི་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་པོའི་ཧྥ་ཨའི་མཛའ་གྲོགས་དང་མཉམ་ལས་ཀྱི་ཨར་ཅི་རི་ཡའི་བསྒྲགས་གཏམ་དང་། དེ་བཞིན་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། རྒྱལ་སྲུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་ཆོད་བཅུ་ལྷག་ཙམ་ལ་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་པོས་ཁྱོན་ཡོངས་འཐབ་ཇུས་རོགས་པའི་མཉམ་ལས་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

ཨའོ་ལང་ཏེས་ཧྥ་རན་སི་དང་ཨར་ཅི་རི་ཡའི་དཔལ་འབྱོར་གླེང་སྟེགས་ནང་ཞུགས་སྐབས། ཧྥ་རན་སིས་ཨར་ཅི་རི་ཡ་དེ་གལ་ཆེའི་རོགས་པར་བརྩི་གི་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཐད་གསབ་རེས་རང་བཞིན་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཧྥ་རན་སིའི་ཁེ་ལས་འབྲིང་ཆུང་གིས་ཨར་ཅི་རི་ཡར་མ་འཇོག་ཧུར་ཐག་བྱེད་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག