མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་ནས་ཧྲིན་ཏིས་ཡཱ་ཀིའི་གསལ་སྒྲོག་ལ་གྲོས་འཆམ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-28 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་ནས་ཚེས26ཉིན་ཧྲིན་ཏིས་ཡཱ་ཀིའི་གསལ་སྒྲོག་དང2013ལོ་ནས2014ལོའི་འགུལ་སྐྱོད་འཆར་གཞི་ལ་གྲོས་འཆམ་བྱུང་། གསལ་སྒྲོག་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རོགས་ལས་འབྲེལ་བར་ཡར་སྐུལ་བྱས་ན་ལཱ་ཏེན་མེ་གླིང་དང་ཡོ་རོབ་གླིང་མནའ་འབྲེལ་ས་ཁུལ་གཉིས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕར་སྣོན་འབྱུང་བར་སྣེ་ཁྲིད་བྱེད་དགོས་པ་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ནས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱིས་ཐོག་དང་པོར་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པའི་རྣམ་པར་བརྟེན་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བར་མཐོ་རིམ་གྲོས་མོལ་སྤེལ་བར་དགའ་བསུ་ཞུས་པར་མ་ཟད། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པ་བཙུགས་པ་དེས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་གཞི་གཅིག་ཅན་གྱི་འཕེལ་རིམ་དང་འཕེལ་རྒྱས་ལ་ཕན་པ་འབྱུང་སྲིད་པར་ཡིད་ཆེས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་མིག་སྔའི་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་དཔལ་འབྱོར་ཉམས་ཉེན་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་དངུལ་ལོར་སྒྲིག་ལུགས་གསར་བ་ཞིག་བཙུགས་ཏེ། ཚོང་རའི་འདུམ་འགྲིག་ལ་ཤུགས་སྣོན་བྱས་ནས་ཚོང་རའི་ཉེན་ཁ་ཇེ་ཆུང་དུ་གཏོང་རྒྱུ་ཁས་ལེན་བྱས། ཞོར་དུ་ད་རུང་སྟབས་བདེའི་ཆ་རྐྱེན་གང་རུང་འདོན་སྤྲོད་བྱས་ཏེ་ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་མཐུན་ལག་བསྟར་བྱེད་པར་ཡར་སྐུལ་བྱས་ནས། ལག་རྩལ་བརྒྱུད་སྤྲོད་ལ་ཤུགས་སྣོན་པ་དང་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག