མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིས་བྱང་ཁོ་རེ་ཡས་འབྲེལ་ཡོད་ཉིང་རྡུལ་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བསྟན་པ་ནི་དགོས་མེད་ཀྱི་བརྙས་བརྐོ་བ་ཞིག་ཡིན་ཞེས་བསྟན།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-28 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས24ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁ་ཉིས། ཨ་རིས་བྱང་ཁོ་རེ་ཡས་ཆུ་ཚད་དེ་བས་མཐོ་བའི་ཉིང་རྡུལ་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་པ་བསྟན་པ་ནི་དགོས་མེད་ཀྱི་བརྙས་བརྐོ་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཉིན་དེ་གར། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཕ་ནི་ཐས་ཀྱང་དེ་ལྟ་བུའི་ལངས་ཕྱོགས་བསྟན་ཡོད་པ་དང་། ཕ་ནི་ཐས་ད་དུང་། མིག་སྔར་ཕྱི་ཕྱོགས་ཀྱི་རྣམ་པ་ལས་བལྟས་ཚེ། བྱང་ཁོ་རེ་ཡས་འཕྲལ་དུ་ཉིང་རྡུལ་ཚོད་ལྟ་བྱེད་མི་སྲིད་ཅེས་གསུངས་ཡོད། འོན་ཀྱང་ཁོང་གིས་དེ་དང་དུས་མཚུངས། དེས་བྱང་ཁོ་རེ་ཡས་འབྲེལ་ཡོད་གྲ་སྒྲིག་བྱས་མེད་པ་མཚོན་གྱི་མེད། རྒྱུ་རྐྱེན་ནི་བྱང་ཁོ་རེ་ཡར་ཉིང་རྡུལ་ཚོད་ལྟའི་གྲ་སྒྲིག་བྱེད་སྒོ་སྦ་གསང་བྱེད་པའི་ནུས་པ་ལྡན་ཡོད་ཅེས་ཐ་ཚིག་སྒྲོག་ཡོད་པ་རེད།

བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས24ཉིན་གསལ་བསྒྲགས་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱང་ཁོ་རེ་ཡ་དང་འབྲེལ་བ་ཡོད་པའི་གྲོས་ཆོད་ལ་རྒོལ་གཏམ་བཏང་ཡོད་པ་དང་། ཆུ་ཚད་དེ་བས་མཐོ་བའི་ཉིང་རྡུལ་ཚོད་ལྟ་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་ཆེད་ཁྱོན་ཡོངས་ནས་དམག་འཐབ་གྲ་སྒྲིག་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག