མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལིའི་དམག་དཔུང་གིས་ཧོང་པའོ་ལི་བཙན་བཟུང་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-26 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལིའི་དམག་དཔུང་གིས་ཚེས25ཉིན་བཤད་རྒྱུར། མཱ་ལིའི་སྲིད་གཞུང་དམག་དཔུང་ཉིན་དེར་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་ཧོང་པའོ་ལི་གྲོང་ཁྱེར་བདག་བཟུང་བྱས་ཟེར།

དམག་ཕྱོགས་ཀྱིས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཧྥ་རན་སིའི་རོགས་སྐྱོར་དམག་དཔུང་གི་རོགས་རམ་འོག་རྒྱལ་ས་པཱ་མཱ་ཁིའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་དགུ་བརྒྱ་དང་ཉི་ཤུའི་མཚམས་སུ་ཡོད་པའི་ཧོང་པའོ་ལི་གྲོང་ཁྱེར་དུ་སོང་བ་དང་། མུ་མཐུད་དུ་ཐལ་སྤྱོད་སྟོབས་ཤུགས་ཀྱི་དྲག་ཆས་པའི་སྒར་ས་ཅཱ་ཨོ་རུ་དཔུང་འཇུག་བྱེད་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག