མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལིའི་ཐལ་སྐྱོད་སྟོབས་ཤུགས་ཀྱིས་ཟམ་པ་འགས་གཏོར་བཏང་ནས་ཀྲ་ཏི་དང་ནེ་ཀྲིར་གྱི་དམག་དཔུང་ལ་བཀག་འགོག་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-26 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས25ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མཱ་ལིའི་བྱང་ཕྱོགས་བཙན་བཟུང་བྱེད་པའི་ཐལ་སྐྱོད་དྲག་ཆས་སྟོབས་ཤུགས་ཀྱིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་འགད་རྫས་བཀོལ་ནས་མཱ་ལི་དང་ནེ་ཀྲིར་མཐའ་མཚམས་ཉེ་འདབས་ཀྱི་ཟམ་པ་ཞིག་འགས་གཏོར་བཏང་སྟེ། ནེ་ཀྲིར་ནས་ཡོང་བའི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་དྲག་ཆས་པས་མཱ་ལིའི་ཐལ་སྐྱོད་སྟོབས་ཤུགས་ཀྱི་སྒར་ས་ཅཱ་ཨོ་རུ་དཔུང་འཇུག་བྱེད་པར་བཀག་འགོག་བྱས་ཟེར།

ནེ་ཀྲིར་བདེ་འཇགས་སྡེ་ཁག་གིས་བཤད་རྒྱུར། ཐལ་སྐྱོད་དྲག་ཆས་སྟོབས་ཤུགས་གཀྱིས་ཐཱ་ཞི་ཁཱ་ཟམ་པ་འགས་གཏོར་བཏང་བ་དང་། ད་ལྟ་ཟམ་པ་དེ་བརྒྱུད་དེ་མཱ་ལིའི་ཁྱིམ་མཚེས་རྒྱལ་ཁབ་ནེ་ཀྲིར་དུ་འགྲོ་ཐབས་མེད་ལ། ཟམ་པ་དེ་བརྒྱུད་ནས་ཅཱ་ཨོ་རུ་ཡང་འགྲོ་ཐབས་མེད་ཟེར།

ཧྥ་རན་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ནེ་ཀྲིར་དང་ཀྲ་ཏིའི་དམག་དཔུང་མཱ་ལི་དང་ནེ་ཀྲིར་མཐའ་མཚམས་ས་ཁུལ་དུ་འབྱོར་ཡོད་པ་དང་། ནེ་ཀྲིར་ཕྱོགས་ནས་ཐད་ཀར་མཱ་ལིའི་བྱང་ཕྱོགས་ས་ཁུལ་དུ་ཡོང་རྩིས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག