མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་དྲག་ཆས་རྩ་འཛུགས་བར་འཁྲུག་རྩོད་བྱུང་སྟེ་མི་སོ་གཉིས་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-26 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས25ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་གྱི་དྲག་ཆས་རྩ་འཛུགས་གཉིས་ཀྱིས་ཉིན་དེར་བྱང་ཤར་ས་ཁུལ་ནས་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་དྲག་ཆས་མི་སྣ་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ལྷག་ལ་རྨས་ཕོག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་དང་དབྱི་སི་ལན་གྱི་རྩ་འཛུགས་ཤིག་གིས་ཁའེ་པོ་ཨར་ཚོ་ཁག་ས་ཁུལ་གྱི་ཏིས་ལཱ་ཧི་ལུང་གྲོག་ནས་འཁྲུག་རྩོད་བྱས་པ་དང་། འཁྲུག་རྩོད་བྱེད་པའི་རྒྱུ་རྐྱེན་ནི་ཏིས་ལཱ་ཧི་ལུང་གྲོག་ས་ཁུལ་གྱི་ཚོད་འཛིན་དབང་ཆ་འཕྲོག་རྩོད་བྱེད་པའི་ཆེད་དུ་རེད། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱེད་སྐབས་མེ་ཤུགས་འཕུར་མདའ་དང་སྒྱོགས་མདེལ་སོགས་མཚོན་ཆ་བཀོལ་སྤྱོད་བྱས་པ་དང་། མིག་སྔར་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག