མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་གཟའ་འཁོར་རྗེས་མ་ནས་བཟུང་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-26 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་བྲང་དཀར་པོས་ཚེས25ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཚེས29ཉིན་ལཱ་སི་ཝེ་ཅཱ་སི་རུ་སོང་ནས་བྱ་འགུལ་སྤེལ་ཏེ་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།

ཕོ་བྲང་དཀར་པོས་ཨོ་པཱ་མཱ་དང་མཐོ་རིམ་དཔོན་པོ་རེ་འགས་ཉིན་དེའི་སྔ་དྲོར་རྒྱལ་ཚོགས་ཀྱི་ལཱ་ཏེན་མེ་གླིང་རྒྱུད་ཀྱི་ཏང་ཁག་གི་ཁོངས་མི་དང་མཉམ་དུ་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་བཅོས་བསྒྱུར་གནད་དོན་ལ་གྲོས་བསྡུར་བྱས་རྗེས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཨོ་པཱ་མཱ་ཡིས་གྲོས་མོལ་བྱེད་སྐབས་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་བཅོས་བསྒྱུར་དེ་ཁྲིམས་འཛུགས་ཀྱི་གཙོ་གནད་ཡིན་པས་འགོར་འགྱངས་བྱེད་མི་རུང་བ་བསྐྱར་སྒྲོག་པ་དང་། ཁོ་རང་ཉིད་ཀྱིས་མུ་མཐུད་དུ་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་བཅོས་བསྒྱུར་གནད་དོན་ཐད་ནས་སྐུལ་འདེད་མཁན་གཙོ་བོའི་འགན་ཁུར་རྒྱུ་མ་ཟད། ཚེས་ཉེར་དགུ་ཉིན་གྱི་ལཱ་སི་ཝེ་ཅཱ་སིའི་འགྲུལ་བཞུད་ཀྱིས་ད་ཡོད་ཀྱི་གནས་སྤོར་སྡོད་དམངས་ཀྱི་མ་ལག་ལེགས་བཅོས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐེབས་ངེས་རེད་ཟེར།

ཕོ་བྲང་དཀར་པོས་གསལ་སྒྲོག་ནང་ད་རུང་བཤད་རྒྱུར། ཨོ་པཱ་མཱ་དང་རྒྱལ་ཚོགས་ཀྱི་ལཱ་ཏེན་མེ་གླིང་རྒྱུད་ཀྱི་ཏང་ཁག་གི་ཁོངས་མིས་བཅོས་བསྒྱུར་བྱེད་ཐབས་རེ་འགར་ཐུན་མོང་གི་ལྟ་ཚུལ་བྱུང་བ་དང་། གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་བཅོས་བསྒྱུར་འཆར་ཟིན་དེ་ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་ལ་སྤྱི་དམངས་ཐོབ་ཐང་སྟེར་བའི་འགྲོ་ལུགས་གནད་དོན་ལ་འབྲེལ་དགོས་པར་འདོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག