མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུས་མཉམ་འབྲེལ་རྒྱལ་ཚོཊ་ཀྱི་ལྟེ་བའི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-26 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་ཅུད་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་24ཉིན་ཕུ་ཅིང་གིས་ཁེ་ལི་མུ་ལིན་ཕོ་བྲང་དུ་ཨུ་རུ་སུར་བཅའ་སྡོད་ཕྱི་རྒྱལ་གྱི་གསར་དུ་བསྐོ་བཞག་བྱས་པའི་གཞུང་ཚབ་ཆེན་མོས་གོང་འབུལ་ཞུས་པའི་རྒྱལ་ཡིག་དང་ལེན་གནང་སྐབས། ཨུ་རུ་སུས་སྔ་ཕྱི་བར་གསུམ་དུ་རྒྱལ་སྤྱིའི་གར་སྟེགས་ཐོག་སྒོ་དབྱེའི་རྣམ་པ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། བདག་དབང་དང་། མངའ་ཁོངས་ས་ཆ་ཆ་ཚང་། འདྲ་མཉམ་བཅས་ལ་བརྩི་བཀུར་གང་ལེགས་བྱས་པའི་རྨང་གཞིའི་ཐོག ཆབ་སྲིད་དང་ཕྱི་འབྲེལ་བྱ་ཐབས་བརྒྱུད་གནས་པའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཁོང་གིས་སི་རི་ཡའི་ཉམས་ཉེན་ཐོན་ནས་ལོ་གཉིས་ཙམ་སོང་ནས་ད་བར་ད་དུང་ཞོད་འཇགས་བྱུང་མེད། གཞན་ཡང་། ལི་པི་ཡར་ཟིང་འཁྲུག་ལངས་རྗེས་མཚོན་ཆ་གོ་རིམ་མེད་པར་གང་སར་ཁྱབ་པ་དེས་མ་ལིའི་གནས་བབ་སྔར་བས་སྡུག་ཏུ་ཕྱིན་ཡོད། ཉེ་ཆར་ཐོན་པའི་ཨར་ཅི་རི་ཡའི་མི་གཏའ་བཙན་ཁྲིད་དོན་རྐྱེན་གྱིས་ཕྱི་རྒྱལ་བ་ཚུད་པའི་མི་སེར་མང་པོ་རྐྱེན་ལམ་དུ་ཤོར་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།

ཕུ་ཅིང་གིས་ཨུ་རུ་སུས་གནས་ཚུལ་འདི་འདྲའི་འོག་མུ་མཐུད་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་ཚད་འཛིན་ས་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གནས་བབ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་དང་། ཁོང་གིས་ཨུ་རུ་སུ་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ངོས་ནས། འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཧ་ཅང་ཆེན་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། དེའི་ཆེད་རོགས་པའི་རྒྱལ་ཁབ་དང་མཉམ་དུ་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཉིན་དེ་རང་དུ། སི་ཕན་དང་། སུའུ་ཏན། ཨེ་ཅིབ་སོགས་རྒྱལ་ཁབ་བཅུ་དགུའི་ཨུ་རུ་སུར་བཅའ་སྡོད་གསར་དུ་བསྐོ་བཞག་བྱས་པའི་གཞུང་ཚབ་ཆེན་མོས་ཕུ་ཅིང་ལ་རྒྱལ་ཡིག་གོང་འབུལ་ཞུས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག