མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་འོས་སྒུག་རྒྱལ་དོན་བློན་ཆེན་གྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེར་སྐུལ་འདེད་གཏོང་ཐབས་འཚོལ་ཞིབ་གནང་བ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-26 10:46

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་24ཉིན་ཨ་རིའི་འོས་སྒུག་རྒྱལ་དོན་བློན་ཆེན་ཡོས་ཧན་ཁེ་ལིས། ངེས་པར་དུ་དབྱི་སི་རལ་དང་ཕ་ལེ་སི་ཐན་ཞི་འཆམ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཞི་བའི་འབད་བརྩོན་ཕམ་ཉེས་བྱུང་ཚེ་གནོད་འཚེའི་རང་བཞིན་གྱི་མཇུག་འབྲས་ཡོང་རྒྱུ་རེད་ཅེས་ནན་བཤད་གནང་ཡོད།

ཁེ་ལིས་འགན་ཡུན་གཉིས་པ་བཞེས་ཙམ་ཡིན་པའི་ཙུང་ཐུང་ཨའོ་པ་མས་ཨ་རི་ནས་དབུས་ཤར་ས་ཁུལ་དུ་འཕྲད་པའི་ཉེན་ཁ་དང་མཇུག་འབྲས་ལ་བསམ་གཞིགས་ཐུབ་ཀྱི་ཡོད་ཀྱང་། སྔར་བཞིན་རྒྱལ་ཁབ་གཉིས་པོའི་ཐག་གཅོད་ཇུས་གཞི་ལག་བསྟར་བྱ་རྒྱུར་འབད་བརྩོན་མཐའ་གཅིག་ཏུ་གནང་གི་ཡོད་ཅེས་དང་། ཁེ་ལིས་ད་དུང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ཐད་ཁོང་རང་ཉིད་ལ་ཡང་བསམ་ཚུལ་མང་པོ་ཡོད་ལུགས་གསུངས་ཡོད་ཀྱང་། ཁོང་གིས་ཞིབ་ཕྲའི་གསལ་བཤད་གནང་མེད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག