མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མིས་མེ་མདའ་ཚོད་འཛིན་བྱེད་རྒྱུའི་གྲོས་གཞི་བཏོན་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-26 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་24ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་དམངས་གཙོ་ཏང་གི་གྲོས་ཚོགས་སྟོད་པའི་གྲོས་མི་ཧྥན་སི་ཐན་གྱིས། ཁོང་ནས་ཉིན་དེ་རང་ལ་གྲོས་ཚོགས་སྟོད་པར་མེ་མདའ་ཚོད་འཛིན་བྱེད་རྒྱུའི་གྲོས་གཞི་ཞིག་ཕུལ་ནས་སྤྱི་ལོ་2014ལོར་དུས་ཚོད་ཐིམས་པའི་པར་རྒོལ་རང་བཞིན་གྱི་མེ་མདའ་ཚོང་མི་ཆོག་པའི་བཀའ་རྒྱ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད། ཨ་རིའི་གསར་འགྱུར་ཚན་པས། མེ་མདའི་ཁེ་ཕན་ཚོགས་པས་ངོ་རྒོལ་དྲག་པོ་བྱས་པའི་རྐྱེན་གྱིས་གྲོས་གཞི་དེར་གྲོས་འཆམ་ཡོང་རྒྱུའི་རེ་བ་ཆེན་པོ་མེད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཧྥན་སི་ཐན་གྱིས། གྲོས་གཞི་དེའི་དམིགས་ཡུལ་ནི་ཕར་རྒོལ་རང་བཞིན་གྱི་མེ་མདའ་མཁོ་འདོན་བྱེད་རྒྱུ་རིམ་བཞིན་ཉུང་དུ་གཏོང་རྒྱུ་དེ་ཡིན། གྲོས་ཚོགས་སྟོད་པ་ཕུད་དམངས་གཙོ་ཏང་ཀྱིས་ཀྱང་གྲོས་ཚོགས་སྨད་པར་གྲོས་གཞི་དེ་འདྲ་བ་ཞིག་བཏོན་ཡོད་ཅེས་གསུང་ཡོད་པ་རེད། ཨ་རིའི་གསར་འགྱུར་ཚན་པས། གྲོས་གཞི་དེར་རྒྱལ་ཚོགས་ཀྱི་འགོག་རྐྱེན་ཆེན་པོ་འཕྲད་བཟོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ཧྥན་སི་ཐན་རང་ཉིད་ནས་ཀྱང་གྲོས་གཞི་དེར་གྲོས་འཆམ་ཡོང་རྒྱུ་དཀའ་ཚེགས་ཆེན་པོ་ཡིན་པའི་ཁས་ལེན་གནང་ཡོད་པ་རེད།

ཨ་རིའི་ཙུང་ཐུང་ཨའོ་པ་མའི་མེ་མདའ་ཚོད་འཛིན་འཆར་གཞིར་གཞིགས་ན། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ཕྱོགས་ནས་མེ་མདའ་ཉོ་བའི་རྒྱབ་ལྗོངས་ལ་ཞིབ་བཤེར་བྱེད་སྐབས་རྫུན་གཏམ་ཤོད་མཁན་ལ་ཉེས་ཆད་གཏོང་རྒྱུ་དང་རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ནས་རྒྱབ་ལྗོངས་ལ་ཞིབ་བཤེར་བྱེད་པའི་མ་ལག་ལ་འབྲེལ་ཡོད་གྲངས་གཞི་མཁོ་འདོན་བྱེད་རྒྱུ་སོགས་ཀྱི་བྱ་ཐབས་བརྒྱུད་མེ་མདའ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་བླང་བྱ་བཏོན་ཡོད། ཡིན་ནའང་ནུས་ལྡན་གྱི་ཕར་རྒོལ་རང་བཞིན་གྱི་མེ་མདའ་འཚོང་མི་ཆོག་པའི་བཀའ་རྒྱ་གཏན་ལ་ཕབ་རྒྱུར་རྒྱལ་ཚོགས་ནས་གྲོས་འཆམ་བྱེད་དགོས་ཀྱི་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག