མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གོ་ཆོས་ཁང་ཞིག་ལ་འཇབ་རྒོལ་ཕོག་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-25 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས23ཉིན་དབྱི་རག་ཉེན་རྟོག་ཕྱོགས་ཀྱིས། བྱང་རྒྱུད་གྲོང་ཁྱེར་ཐུ་ཙེ་ཧུར་མ་ཐུའི་སྐུ་གདུང་ཞུགས་འབུལ་གྱི་བྱེད་སྒོ་སྤེལ་བཞིན་པའི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་ཉིན་དེ་རང་དུ་རང་ཅེབ་རང་བཞིན་གྱི་འབར་གས་འཇབ་རྒོལ་ཕོག་ནས། ཉུང་མཐར་ཡང་མི་36ཤི་བ་དང་། གཞན་ཡང་མི25ལ་རྨས་སྐྱོན་བཟོས་ཡོད་ཅེས་བཤད་འདུག ཉེན་རྟོག་ཕྱོགས་ཀྱིས་ཐོག་མའི་དབྱེ་ཞིབ་བྱས་ནས། འཇབ་རྒོལ་བྱེད་མཁན་ནི་ཤུན་ནི་ཤོག་ཁག་གི་མི་ཡིན་པ་དང་། འཇབ་རྒོལ་བྱས་པ་དེས་ཤུན་ནི་ཤོག་ཁག་དང་ཧྲེ་ཡས་ཤོག་ཁག་བར་གྱི་གདོང་གཏུག་སྔར་བས་ཛ་དྲག་ཏུ་འགྲོ་ཉེན་ཡོད་པའི་ངོས་འཛིན་བྱས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག