མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མའོ་ཁི་ཨར་གྱིས་འཇར་པན་གྱི་ལྷོད་ཡངས་ཀྱི་དངུལ་ལོར་སྲིད་ཇུས་ལ་སེམས་ཁུར་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས24ཡི་ཉིན་ཏཱ་བོ་སི་ནས་འཇར་པན་གྱིས་ཉེ་སྔོན་ལག་བསྟར་བྱས་པའི་ཧ་ཅང་ལྷོད་ཡངས་ཡིན་པའི་དངུལ་ལོར་སྲིད་ཇུས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་གང་མགྱོགས་སྒོས་ཚོང་རར་བཏང་བའི་ཡོ་རོབ་གླིང་གི་སྒོར་མོ་ཁྲག་ཁྲིག་ཆེན་མོ1ལས་བརྒལ་བའི་མ་དངུལ་ཕྱིར་བསྡུ་དགོས་ཟེར།

འཇར་པན་ཀྲུང་དབྱང་དངུལ་ཁང་གིས་ཟླ་འདིའི་ཚེས22ཉིན་སྲིད་ཇུས་ཁ་ཕྱོགས་གལ་ཆེན་ཞིག་ཁྱབ་སྒྲོག་བྱས་ཏེ། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་རྒྱུ་ནོར་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་གོམ་སྟབས་དང་བསྟུན་པ་དང་། 2014ལོ་ནས་བཟུང་ཟླ་རེར་དུས་བཅད་ལྟར་རྒྱུ་ནོར་ཉོ་བསྡུ་བྱེད་པའི་དངུལ་ལོར་ལྷོད་ཡངས་ཀྱི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཐག་བཅད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག