མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མོང་ཏིས་དབྱིན་ཇིས་ཡོ་རོབ་མནའ་འབྲེལ་ཁོངས་སུ་སྡོད་རྒྱུའི་རེ་བ་ཡོད་ཅེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-25 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་གནས་སྐབས་སྲིད་གཞུང་གི་ཙུང་ལི་མེང་ཏེས་སྤྱི་ཚེས23ཉིན་ཏ་ཝུའོ་སིའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་འཁོར་གྲོས་ཚོགས་རིང་། དབྱིན་ཇིའི་མང་ཚོགས་ནས་སྐོང་འཚོག་བྱེད་ལ་ཉེ་བའི་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་ནང་ཡོ་རོབ་མནའ་འབྲེལ་ཁོངས་སུ་སྡོད་རྒྱུར་གདམ་ག་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུང་པ་རེད།

འཇར་མན་ཙུང་ལི་མོར་ཁེར་གྱིས་སྤྱི་ཚེས23ཉིན་པོ་ལིན་དུ་དབྱིན་ཇི་དེ་ཡོ་རོབ་མནའ་འབྲེལ་ཁོངས་སུ་སྡོད་རྒྱུའི་རེ་བ་བྱེད་བཞིན་པ་དང་། འབྱུང་འགྱུར་ཟླ་བ་འགའ་ཤས་ནང་འཇར་མན་སྲིད་གཞུང་གིས་དབྱིན་ཇི་དང་ལྷན་དུ་ཤུགས་བརྒྱབ་ནས་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱི་འབྱུང་འགྱུར་ཆེད་དགེ་མཚན་ལྡན་པའི་གྲོས་མོལ་བྱེད་རྒྱུ་ཡིན་ཞེས་གསུང་པ་རེད།

མོ་ཁེར་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མའེ་ལུན་གྱིས་ཉིན་དེར་ལུན་ཐོན་དུ་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བའི་གསུང་བཤད་གནང་མཇུག་གྲུབ་རྗེས་དེ་ལྟར་གསུང་པ་རེད། མོ་ཁེར་གྱིས་གསུང་བཤད་གནང་སྐབས། གལ་སྲིད་བག་འཁུམ་ཏང་ལ་སླར་ཡང་སྤྱི་ལོ2015ལོའི་འདེམས་བསྐོ་ཆེན་མོ་ཐོབ་ཚེ། མགྱོགས་ཤོས་ལ་སྤྱི་ལོ2017ལོའི་ལོ་མཇུག་ལ་དམངས་ཡོངས་ཀྱིས་བརྡས་ཐག་བཅད་པ་བརྒྱུད་དེ་དབྱིན་ཇི་མུ་མཐུད་དུ་ཡོ་རོབ་མནའ་འབྲེལ་ནང་སྡོད་མིན་གཏན་འབེབས་བྱེད་རྒྱུ་ཡིན་ཞེས་གསུང་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག