མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུས་ཨ་རིའི་མཛའ་གྲོགས་མིན་པའི་བྱ་སྤྱོད་ལ་ངོ་རྒོལ་བཀག་འགོག་བྱེད་རྒྱུ་ཡིན་ཞེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-25 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཧྥུས་སྤྱི་ཚེས23ཉིན་ལོ་འཁོར་མོའི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག ཨ་རིའི་མཛའ་གྲོགས་མིན་པའི་བྱ་སྤྱོད་དེར་ཨུ་རུ་སུས་མུ་མཐུད་དུ་ངོ་རྒོལ་བཀག་འགོག་གི་བྱེད་ཐབས་བཟུང་རྒྱུ་དང་། ཆབས་ཅིག་ཏུ་ཨུ་རུ་སུས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་གོང་འཕེལ་ཡོང་རྒྱུའི་རེ་བ་བཅངས་བཞིན་ཡོད་ཅེས་གསུང་པ་རེད།

ལ་ཕུའུ་ལུའོ་ཧྥུས་ཨུ་རུ་དང་ཨ་རིའི་འབྲེལ་བ་མིག་སྔར་བསམ་དོན་དང་མི་མཐུན་པ་ཞིག་ཡིན་ཞིང་། དཔེར་ན་མེ་ཤུགས་འཕུར་མདེལ་ལ་རྒོལ་བའི་གནད་དོན་སོགས་དཀའ་ངལ་གྱི་གནད་དོན་མང་པོ་ཞིག་ལྷག་འདས་ཡོད་ཅེས་དང་། ཁོང་གིས་ཨུ་རུ་སུའི་ཕྱོགས་ནས་ཨ་རིའི་མཛའ་གྲོགས་མིན་པའི་བྱེད་ཚུལ་ལ་མུ་མཐུད་དུ་ངོ་རྒོལ་བཀག་འགོག་བྱེད་ཐབས་བཟུང་རྒྱུ་ཡིན། འོན་ཀྱང་གཞི་རྩའི་ཆ་ནས་ཨུ་རུ་སུས་རྒྱལ་ཁབ་གཉིས་པོས་ཕྱོགས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། ལྷག་འདས་པའི་འགལ་ཟླར་ཕྱོགས་གཉིས་པོས་བྱེད་ཐབས་གང་རུང་ཞིག་འཚོལ་ཞིབ་བྱས་ཐོག་ཁྱོན་ཡོངས་མཉམ་ལས་ཁ་ཐོར་དུ་འགྲོ་བ་ལས་གཡོལ་ཐུབ་པ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུང་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག