མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཁྲེ་ཁྲིན་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་དྲག་ཆས་ཉེས་ཅན12བསད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ནང་སྲིད་པུའུ་ཡིས་ཚེས24ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིའི་ཁྲེ་ཁྲིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས23ཉིན་ནས་ཚེས24ཡི་ཉིན་བར་གཙང་ཕྱགས་བྱ་འགུལ་སྤེལ་སྐབས་ཁྲིམས་འགལ་དྲག་ཆས་ཉེས་ཅན12བསད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་དམིགས་བསལ་གྱི་འགུལ་སྐྱོད་དེ་ཁྲེ་ཁྲིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཝེ་ཅན་སི་ཅི་ས་ཁུལ་དུ་སྤེལ་བ་ཡིན་ཞིང་། ས་དེའི་ཉེན་རྟོག་ཕྱོགས་དང་ནང་སྲུང་དམག་དཔུང་གིས་ཁྲིམས་འགལ་དྲག་ཆས་ཉེས་ཅན་སྐོར་ཞིག་གི་མཐའ་སྐོར་རྗེས་ཕར་རྒོལ་དྲག་པོ་བྱས། འཁྲུག་རྩོད་ཁྲོད་ཁྲིམས་འགལ་དྲག་ཆས་ཉེས་ཅན12བསད་པ་དང་། ཉེན་རྟོག་པ་གཅིག་འགུལ་སྐྱོད་སྤེལ་སྐབས་རྐྱེན་ལམ་དུ་ཤོར། གཞན་ཡང་ཉེན་རྟོག་པ་དང་དམག་མི7ལ་རྨས་ཕོག་པ་རེད། མིག་སྔར་ཉེན་རྟོག་ཕྱོགས་ཀྱི་གཙང་ཕྱགས་འགུལ་སྐྱོད་སྔར་བཞིན་སྤེལ་གྱིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག