མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཁྲའོ་ཞན་གྱིས་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱེད་རྒྱུ་ཁས་ལེན་མ་བྱས་པར་ཡིད་འཕང་བའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཅཱ་ཅི་ལོ་ཧྥུའུ་ཡིས་ཚེས24ཡི་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཁྲའོ་ཞན་གྱིས་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱེད་པར་ཁས་ལེན་མ་བྱས་པར་འཕང་སེམས་སྐྱེས་ཡོད་ཟེར།

ཅཱ་ཅི་ལོ་ཧྥུའུ་ཡིས་བཤད་རྒྱུར། ཁྲའོ་ཞན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁྲའོ་ཞན་ལ་འབྲེལ་བའི་གྲོས་ཆོད་ལ་བཟུང་བའི་རྣམ་འགྱུར་དེར་ཨུ་རུ་སི་འཕང་སེམས་ཆེན་པོ་སྐྱེས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། ཁྲའོ་ཞན་གྱིས་འཁོར་སྐར་གཏོང་འཕེན་བྱེད་པ་དེས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་གཏོར་བརླག་བྱས་ཡོད་པར་འདོད་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱིར་གྲོས་མོལ་ཁྲོད་ཞུགས་པར་འབོད་སྐུལ་གཏོང་བཞིན་ཡོད། རྒྱུུ་མཚན་ནི་གྲོས་མོལ་བྱེད་པ་དེ་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པས་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག