མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་ཡིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་རྒྱལ་ཡོངས་མནའ་འབྲེལ་ལ་རྒྱབ་སྐྱོར་བྱེད་པའི་གྲོས་ཚོགས་བསྒྲུབ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 10:58

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་པུས་ཡུག་སི་ཡིས་ཚེས24ཡི་ཉིན་ཕཱ་རེ་སི་ནས་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཚེས28ཉིན་ཕཱ་རེ་སི་ནས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་ལས་ཁུངས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་གྱི་བྱ་བར་རྒྱབ་སྐྱོར་བྱེད་པའི་གྲོས་ཚོགས་ཤིག་རྩ་འཛུགས་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཡོངས་མནའ་འབྲེལ་གྱི་མགོ་ཁྲིད་པ་གཙོ་བོ་དང་། དེ་མིན་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་མཐོ་རིམ་དཔོན་རིགས50ལྷག་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག