མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེ་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་དོན་གཅོད་ཁང་གི་འགན་ཡུན་ཇེ་རིང་དུ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས24ཡི་ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེ་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་དོན་གཅོད་ཁང་གི་འགན་ཡུན2014ལོའི་ཟླ1པོའི་ཚེས31ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

གྲོས་ཆོད་དེ་ལས་དོན་གཅོད་ཁང་དེས་མུ་མཐུད་དུ་རྒྱལ་ཁབ་དེའི་ཞི་བདེ་འཛུགས་སྐྲུན་བྱ་བར་རྒྱབ་སྐྱོར་བྱས་ཏེ། མུ་མཐུད་དུ་དབུས་ཕྱོགས་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། གྲོས་ཆོད་དེ་ལས་ད་རུང་དོན་གཅོད་ཁང་དེས་ཕྱོགས་སོ་སོས་ཟླ་འདིའི་ཚེས11ཉིན་ལེ་པོ་ཝེ་ཨར་ནས་བཀོད་པའི་གྲོས་མཐུན་སྣ་ཚོགས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། གྲོས་ཆོད་ལས་ཞོར་དུ་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེ་འཛུགས་སྐྲུན་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

གྲོས་ཆོད་ལས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མནའ་འབྲེལ་སེ་ལོས་ཁཱ། དྲག་ཆས་ཚོགས་ཁག དམངས་གཙོའི་ངོ་རྒོལ་ཕྱོགས་ཁག་བཅས་ཀྱིས་ཟླ་འདིའི་ཚེས11ཉིན་ཀ་ཕིན་གྱི་རྒྱལ་ས་ལེ་པོ་ཝེ་ཨར་ནས་བཀོད་པའི་རྩ་དོན་བསྒྲགས་གཏམ་ཁྲོད་ཀྱི་དམ་བཅའ་བརྩི་སྲུང་ནན་མོ་བྱེད་དགོས་པའི་འབོད་སྐུལ་བཏང་། གྲོས་ཆོད་ལས་ད་རུང་ཕྱོགས་སོ་སོས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་སེ་ལོས་ཁཱ་ཡིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་ཕྱོགས་མང་བོས་མཉམ་དུ་བཀོད་པའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག