མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེའོ་ཅིན་ཧོས་ཀྱིས་ཁཱ་ནཱ་ཏཱའི་ཙུང་ལི་ལ་ཁ་པར་བཏང་སྟེ་ཁྲའོ་ཞན་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 10:42

0.jpg

  ཟླ1པོའི་ཚེས24ཡི་ཉིན། ཧན་གོའི་མི་འགྱངས་པར་འགན་ཁུར་བར་སྒུག་པའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཁཱ་ནཱ་ཏཱའི་ཙུང་ལི་ཧཱ་པོ་ལ་ཁ་པར་བཏང་སྟེ་ཁྲའོ་ཞན་གནད་དོན་ལ་གྲོས་བསྡུར་བྱས་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་མི་འགྱངས་པར་འགན་ཁུར་བར་སྒུག་པའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས24ཉིན་དུས་བཅད་ལྟར་ཁཱ་ནཱ་ཏཱ་རྒྱལ་ཁབ་ཀྱི་ཙུང་ལི་ཧཱ་པོ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས།

  ཕེའོ་ཅིན་ཧོས་ཀྱིས་ཁཱ་ནཱ་ཏཱའི་ཁྲའོ་ཞན་ལ་སྤྱད་པའི་སྲིད་ཇུས་ཐད་ནས་ཧན་གོའི་བར་དུས་ཡུན་རིང་བོར་མཉམ་ལས་ཀྱི་འབྲེལ་བ་ཟབ་མོ་སྲུང་འཛིན་བྱས་པར་བཀའ་དྲིན་ཞུས་པ་དང་། ཁཱ་ནཱ་ཏཱ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྟེང་ནས་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་པར་གདེང་འཇོག་ཆེན་པོ་བྱས། ཧཱ་པོ་ཡིས་བསྟན་དོན། ཁྲའོ་ཞན་གནད་དོན་སོགས་འཛམ་གླིང་ཡོངས་ཀྱི་གྲོས་གཞིའི་ཁྲོད། ཁཱ་ནཱ་ཏཱ་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཧན་གོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

  དེ་ལོ་ནི་ཧན་གོ་དང་ཁཱ་ནཱ་ཏཱ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བའི་ལོ་ཡིན་པ་དང་། ཁྲའོ་ཞན་འཐབ་འཁྲུག་མཚམས་བཞག་སྟེ་ལོ་ངོ་དྲུག་ཅུ་འགོར་བའི་ལོ་ཡང་ཡིན་པས། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་པར་འཐད་པ་བྱུང་།

  ཕེའོ་ཅིན་ཧོས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་རྩོད་གླེང་སྣ་ཚོགས་ཐག་གཅོད་བཟང་བོ་བྱས་ཤིང་། ཕྱོགས་གཉིས་ཀྱི་ཁྱད་སྟོབས་ཁ་གསབ་ཀྱི་དཔལ་འབྱོར་གྲུབ་ཚུལ་བེད་སྤྱོད་གང་ལེགས་བྱས་ཏེ། རང་བྱུང་སོལ་རླངས་དང་རྡོ་སྣུམ་སོགས་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཧཱ་པོ་ཡིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ནས་ཕེའོ་ཅིན་ཧོས་ལ་ཐུག་འཕྲད་བྱས་ཏེ་བརྗེ་རེས་ཟབ་མོ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག