ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་གནམ་བསྐོས་གོང་མ་དང་དབུ་བཞུགས་བློན་ཆེན་གྱིས་བེད་སྤྱོད་བྱེད་པའི་སྲིད་གཞུང་གི་ཆེད་སྤྱོད་གནམ་གྲུ་ཚེས22ཉིན་གྱི་དགོང་མོའི་དུས་ཚོད10ཡི་སྟེང་ཨར་ཅི་རི་ཡཱ་རུ་ཆས་པ་དང་། མི་གཏའ་བཙན་ཁྲིད་བྱས་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འཇར་པན་ཀུང་ཟིིའི་ལས་བཟོ་བའི་བེམ་པོ་ལེན་རྒྱུ་རེད། དེ་ནི་སྲིད་གཞུང་གི་ཆེད་སྤྱོད་གནམ་གྲུས་ཐོག་དང་པོར་ཤི་བོའི་བེམ་པོ་སྐྱེལ་ལེན་བྱས་པ་རེད།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཉིན་དེའི་སྔ་དྲོར་བསྟན་དོན། ཁེ་ལས་རོགས་སྐྱོར་བ་དེ་དག་གིས་འཇར་པན་གྱི་ཆེད་དུ་ཉེན་ཁའི་ས་ཁུལ་དུ་ཚེ་སྲོག་བློས་བཏང་བ་ཡིན་པས། ནེ་ཀིའི་ཁོངས་མི་ཚང་མས་ནུས་ཤུགས་གང་ཡོད་ཀྱིས་ཤི་བོའི་ཁྱིམ་མིར་སེམས་གསོ་དང་རོགས་སྐྱོར་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་རེ་བ་བཏོན། །