མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གསུམ་བྱུང་སྟེ་མི17རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-24 11:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་རྒྱལ་ས་པཱ་ཀི་ཏཱ་དང་དེའི་ཉེ་འཁོར་ས་ཁུལ་དུ་ཚེས22ཉིན་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གསུམ་བྱུང་སྟེ། བསྡོམས་པས་ཉུང་མཐར་ཡང་མི17རྐྱེན་ལམ་དུ་ཤོར་བ་དང་། མི47ལ་རྨས་ཕོག་ཟེར།

མིང་བཤད་མི་འདོད་པའི་ནང་སྲིད་པུའུ་ཡི་དཔོན་པོ་ཞིག་གིས་ཚེས22ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉིན་དེར་པཱ་ཀི་ཏཱའི་བྱང་ངོས་ཀྱི་ཧྲུའུ་ལཱ་ས་ཁུལ་གྱི་མི་ཚོགས་ཅུང་མང་བའི་ཚོང་ར་ཞིག་ནས་འཇབ་རྒོལ་མཁན་གྱིས་འགད་རྫས་གང་དྲུད་པའི་རླངས་འཁོར་ཞིག་འགས་གཏོར་བཏང་སྟེ། མི5རྐྱེན་ལམ་དུ་ཤོར་བ་དང་མི12ལ་རྨས་ཕོག ཉེ་འདབས་ཀྱི་ཚོང་ཁང་མང་བོར་གཏོར་བརླག་ཐེབས་ཡོད་ཟེར། རྒུད་སྐྱོབ་རླངས་འཁོར་དང་དམངས་སྤྱོད་རླངས་འཁོར་གྱིས་མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ཟེར།

པཱ་ཀི་ཏཱའི་ལྷོ་ངོས་ཀྱི་པཱ་པུས་ལོན་ཞིང་ཆེན་གྱི་མཱ་ཧཱ་མའོ་ཏིས་ཡེ་གྲོང་རྡལ་ནས་ཉིན་དེར་དམག་དཔུང་གི་སོ་ཁང་ལ་དམིགས་པའི་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི6རྐྱེན་ལམ་དུ་ཤོར་བ་དང་མི14ལ་རྨས་ཕོག པཱ་ཀི་ཏཱའི་བྱང་ངོས་ཀྱི་ཐཱ་ཅི་གྲོང་རྡལ་ནས་བྱུང་བའི་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཁྲོད་མི6རྐྱེན་ལམ་དུ་ཤོར་བ་དང་། མི21ལ་རྨས་ཕོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག