མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་འཇར་པན་དང་ཀྲུང་གོའི་འབྲེལ་བ་བཟང་བོར་སྲུང་སྐྱོབ་བྱེད་པ་ནི་འཇར་པན་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-24 11:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས22ཉིན་ཏུང་ཅིན་ནས་བཤད་རྒྱུར། འཇར་པན་དང་ཀྲུང་གོའི་འབྲེལ་བ་ནི་འཇར་པན་ལ་མཚོན་ན་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེན་ཞིག་ཡིན་པ་དང་། འཇར་པན་དང་ཀྲུང་གོའི་འབྲེལ་བ་བཟང་བོར་སྲུང་སྐྱོབ་བྱེད་པ་དེ་འཇར་པན་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་ཟེར།

ཨན་པའེ་ཅིན་སན་གྱིས་ཉིན་དེའི་དགོང་མོར་འཇར་པན་གྱི་ཁྲའོ་ཞན་དང་འཇར་པན་བརྙན་འཕྲིན་ཁང་གི་ལེ་ཚན་ནང་བཤད་རྒྱུར། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་ཟབ་ཅིང་ཕན་ཚུན་འབྲལ་ཐབས་མེད་པ་དང་། འཇར་པན་ཁེ་ལས་ཀྱིས་ཀྲུང་གོ་ནས་མ་དངུལ་བཏང་སྟེ་ལས་ཞུགས་གསར་སྐྲུན་བྱས་པར་མ་ཟད་ཁེ་ཕན་ཡང་ཐོབ་ཡོད། དེར་བརྟེན་ཁོས་རྒྱལ་ཁབ་ཀྱི་འཐབ་ཇུས་གཉིས་ཕན་འབྲེལ་བ་དེ་སྔོན་ལྟར་རྒྱུན་འཁྱོངས་བྱེད་པའི་འདོད་བློ་བཏོན།

ཨན་པའེ་ཅིན་སན་གྱིས་བསྟན་དོན། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་བར་གླེང་གཞི་མང་བོ་ཡོད་ལ་གྲོས་མོལ་བྱེད་པའི་དགོས་བ་ཆེན་པོ་ཡོད། དེའི་ཕྱིར་ཁོས་ཀྲུང་གོར་འཚམས་འདྲི་བྱེད་པའི་ཀུང་མེན་ཏང་གི་འཐུས་མི་ཧྲན་ཁུག་ནཱ་ཅིན་ནན་ལ་རང་གིས་དངོས་སུ་བྲིས་པའི་འཕྲིན་ཡིག་བསྐུར་བ་ཡིན་ཟེར། ཨན་པའེ་ཅིན་སན་གྱིས་ད་རུང་བསྟན་དོན། འཇར་པན་གྱིས་ཏེའོ་ཡུས་གླིང་ཕྲན་དང་དེར་གཏོགས་གླིང་ཚོམས་ཀྱི་གནད་དོན་ཐད་ནས་བཟོད་སྒོམ་ཅི་ཡང་བྱེད་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག