མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་པན་ཅཱ་ཞིའི་འཇབ་རྒོལ་གནད་དོན་ཐད་ནས་རྒྱལ་ཚོགས་ནས་བདེན་དཔང་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-24 11:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་ཚེས22ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཞི་ལཱ་ལི་ཡིས་ཚེས23ཉིན་ཨ་མེ་རི་ཁའི་རྒྱལ་ཚོགས་ནས་ལི་པུ་ཡཱའི་པན་ཅཱ་ཞི་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་བདེན་དཔང་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཞི་ལཱ་ལི་ཚེས23ཉིན་སོ་སོར་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གི་ཁོངས་སུ་གཏོགས་པའི་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི་ཉན་ཞིབ་བདེན་དཔང་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་མིས་ཁོ་མོས་འཇབ་རྒོལ་དོན་རྐྱེན་མ་བྱུང་གོང་པན་ཅཱ་ཞི་རུ་ཡོད་པའི་གཞུང་ཚབ་ཁང་གིས་བདེ་སྲུང་ལ་ཤུགས་སྣོན་པའི་རེ་བ་བཏོན་པའི་གནས་ཚུལ་ཤེས་མིན་ཐད་ནས་མོ་ལ་རྩད་འདྲི་བྱེད་རྒྱུ་རེད། དོན་རྐྱེན་དེར་རྟོག་ཞིབ་བྱེད་པའི་འགན་ཁུར་བའི་སྒེར་ཚུགས་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་ཨ་མེ་རི་ཁའི་ཕྱི་འབྲེལ་ལས་ཁུངས་ཀྱི་བདེ་འཇགས་ལེགས་བཅོས་བྱེད་པའི་ཐད་གྲོས་གཞི་ཉེར་དགུ་བཏོན་པས། རྒྱལ་ཚོགས་ཀྱི་གྲོས་མིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་གཞི་དེ་ལག་བསྟར་བྱས་པའི་གནས་ཚུལ་འདྲི་ངེས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག