མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་མཱ་ལིའི་གནད་དོན་གྱི་རོགས་སྐྱོར་གྲོས་ཚོགས་ནས་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར4ཡི་རོགས་སྐྱོར་འཚོལ་ཞིབ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-24 11:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་ཕྱི་འབྲེལ་དཔོན་པོ་ཞིག་གིས་ཚེས22ཉིན་བཤད་རྒྱུར། ཟླ་འདིའི་ཚེས29ཡི་ཉིན་ཨེ་སེ་ཨོ་ཕི་ཡཱ་ནས་བསྡུ་བར་ཐག་བཅད་ཡོད་པའི་མཱ་ལིའི་གནད་དོན་གྱི་ཞལ་འདེབས་འབུལ་བའི་གྲོས་ཚོགས་ནས་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར4ཙམ་གྱི་རོགས་སྐྱོར་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

མིང་བཤད་མི་འདོད་པའི་དཔོན་རིགས་དེས་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་བཞི་ནི་ཐོག་མའི་ཁ་གྲངས་ཙམ་ཡིན་པ་དང་། དེའི་ནང་ཕྱེད་ཙམ་མཱ་ལིའི་དམག་དཔུང་གི་གསོ་སྦྱོང་དང་བསྐྱར་འཛུགས་ཐད་བཀོལ་རྒྱུ་ཡིན་པ་དང་། ཕྱེད་ཀ་ཙམ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད་ཟེར།

ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཱ་ལི་རུ་གསོ་སྦྱོང་མི་སྣ་མངག་གཏོང་བྱས་ཏེ་མཱ་ལིའི་དམག་དཔུང་ལ་གསོ་སྦྱོང་དང་མཛུབ་སྟོན་བྱེད་དུ་བཅུག་ཀྱང་། མིག་སྔར་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་འཐབ་འཛིང་དམག་དཔུང་མངག་གཏོང་བྱེད་རྒྱུའི་འཆར་གཞི་མེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱ་སྤྱོད་དེ་ལས་དབྱི་སི་ལན་རྒྱལ་ཁབ་ཀྱིས་མི་དགའ་བའི་རྣམ་འགྱུར་སྟོན་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར།

དཔོན་རིགས་དེས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཧྥ་རན་སིའི་མཱ་ལིའི་དམག་དོན་འགུལ་སྐྱོད་དང་འཐབ་འཁྲུག་བཀོད་སྒྲིག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཐོག་མར་ཐལ་སྤྱོད་སྟོབས་ཤུགས་ཀྱིས་ཚུར་རྒོལ་བྱེད་པར་བཀག་འགོག་བྱེད་པ་དང་། དེའི་རྗེས་སུ་མཱ་ལིའི་དམག་དཔུང་དང་ཨ་ཧྥེ་རི་ཁའི་དམག་དཔུང་གིས་ཕར་རྒོལ་བྱེད་པར་རོགས་རམ་བྱས་ཏེ། མཇུག་མཐར་ཨ་ཧྥེ་རི་ཁའི་དམག་དཔུང་གིས་མཱ་ལིའི་དམག་དོན་འགུལ་སྐྱོད་བརྒྱུད་ལེན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག