མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་དང་ཧྥ་རན་སིས་རྒྱལ་ཁབ་གཉིས་བར་མཉམ་ལས་ཆིངས་ཡིག་བཀོད་དེ་ལོ་ངོ50འགོར་བར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-24 11:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས22ཉིན་ནི་འཇར་མན་དང་ཧྥ་རན་སིས་རྒྱལ་ཁབ་གཉིས་ཕན་ཚུན་དགྲ་རུ་འཛིན་པའི་རྣམ་པ་ནས་འགྲིག་མཐུན་མཉམ་ལས་སུ་བསྐྱོད་པ་མཚོན་པའི་ཨེ་ལོས་ཧྲི་ཆིངས་ཡིག་བཀོད་དེ་ལོ་ངོ50འགོར་བའི་རྗེས་དྲན་ཉིན་མོ་ཡིན། ཉིན་དེར་ཧྥ་རན་སིའི་སྲིད་གཞུང་གི་ནེ་ཀིའི་ཁོངས་མི་ཚང་མ་དང་གྲོས་མི་བཞི་བརྒྱ་ཙམ་གྱིས་འཇར་མན་གྱི་རྒྱལ་ས་པོ་ལིན་ནས་འཇར་མན་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དེར་རྟེན་འབྲེལ་ཞུས།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་གཉིས་ཀྱིས་ཉིན་དེར་པོ་ལིན་གྱི་ཙུང་ལིའི་བཞུགས་ཤག་ནས་མཉམ་དུ་འཇར་མན་དང་ཧྥ་རན་སིའི་ནེ་ཀིའི་མཉམ་ཞུགས་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་གིས་དེའི་རྗེས་སུ་འཇར་མན་གྱི་གྲོས་ཁང་ཐོག་ཁང་ཆེན་མོ་ནས་མཉམ་དུ་དམིགས་བསལ་གྲོས་ཚོགས་བསྡུས་པ་དང་། མའོ་ཁི་ཨར་དང་ཨོ་ལིང་ཏི་གཉིས་ཀྱིས་སོ་སོར་གཏམ་བཤད་སྤེལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག