མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་འགས་ཟས་རིགས་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-24 11:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས22ཉིན་རི་ནེ་ཝ་ནས་འགུལ་སྐྱོད་ཅིག་སྤེལ་ཏེ། མང་ཚོགས་ཀྱིས་ཟས་རིགས་ཆུད་ཟོས་སུ་གཏོང་བའི་གོམས་སྲོལ་ངན་པ་བསྒྱུར་ནས་ཟས་རིགས་ཆུད་ཟོས་སུ་གཏོང་ཚད་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

བསམ་བློ་སྔོན་དུ་བཏང་ནས་ཟས་རིགས་ལོངས་སུ་སྤྱོད་ཅིང་གང་ནུས་ཀྱིས་གྲོན་ཆུང་གནད་སར་བཟུང་སྟེ་འབྲུ་རིགས་ཆུད་ཟོས་སུ་གཏོང་བའི་སྣང་ཚུལ་ཇེ་ཉུང་དུ་གཏོང་དགོས་ཞེས་པའི་འགུལ་སྐྱོད་དེའི་དམིགས་ཡུལ་ནི་འཛད་སྤྱོད་མཁན་དང་ཕྱིར་འཚོང་ཚོང་བ། ཞབས་ཞུའི་ལས་རིགས་བཅས་ཀྱིས་ཟས་རིགས་ཐོན་སྐྱེད་དང་འཛད་སྤྱོད་ཁྲོད་ཆུད་ཟོས་སུ་གཏོང་བའི་སྣང་ཚུལ་ལ་དོ་སྣང་བྱེད་པར་དྲན་སྐུལ་བྱེད་པའི་ཆེད་དུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་ཧྲི་ཐེ་ནཱ་ཡིས་ཉིན་དེར་བཤད་རྒྱུར། 2050ལོར་འཛམ་གླིང་ཡོངས་ཀྱི་མི་གྲངས་ཐེར་འབུམ9ལ་བསླེབས་སྲིད་ཅིང་། དཔལ་འབྱོར་དང་ཁོར་ཡུག ཀུན་སྤྱོད་སོགས་ཕྱོགས་གང་ནས་བལྟས་ནའང་མི་རྣམས་ཀྱིས་ཟས་རིགས་ཆུད་ཟོས་སུ་གཏོང་མི་རུང་ཟེར། ཁོས་ནན་གྱིས་བསྟན་དོན། དཔལ་འབྱོར་རྒྱུ་རྐྱེན་ལས་གཞན། ཟས་རིགས་ཆུད་ཟོས་སུ་གཏོང་བ་ནི་ས་ཞིང་དང་ཆུའི་ཐོན་ཁུངས། ལུད་རྫས། ངལ་རྩོལ་ནུས་ཤུགས་བཅས་ཀྱང་ཆུད་ཟོས་སུ་གཏོང་བའི་སྣང་ཚུལ་ཞིག་རེད། གད་སྙིགས་ཐག་གཅོད་བྱེད་སའི་ཟས་རིགས་རུལ་བ་དང་ཟས་རིགས་སྐྱེལ་འདྲེན་ལས་དྲོད་རླངས་མང་བོ་འབྱུང་བཞིན་ཡོད་པ་དང་། དོན་དངོས་ཀྱི་རྒྱུན་མཐུད་འཕེལ་རྒཡས་མངོན་འགྱུར་བྱེད་དགོས་ན། མི་རྣམས་ཀྱིས་ངེས་པར་དུ་རང་བྱུང་ཐོན་ཁུངས་ཀྱི་ཐོན་སྐྱེད་དང་འཛད་སྤྱོད་རྣམ་པ་བསྒྱུར་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག