མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་བདེ་འཇགས་དཔུང་སྡེས་རྟེན་གཞིའི་སྒྲིག་འཛུགས་ཀྱི་དྲག་ཆས་པ9བསད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས21ཉིན་དབྱི་རག་ཉེན་རྟོག་ཕྱོགས་ཀྱིས། དབྱི་རག་གི་བདེ་འཇགས་དཔུང་སྡེས་ཉིན་དེ་རང་དུ་དབུས་རྒྱུད་ས་ལ་ཧེ་ཏིང་ཞིང་ཆེན་དུ་སྤེལ་བའི་སྐོར་བཅོམ་བྱ་སྤྱོད་ནང་རྟེན་གཞིའི་སྒྲིག་འཛུགས་ཀྱི་དྲག་ཆས་པ9བསད་པ་དང་། འཇིགས་སྐུལ་དོགས་ཡོད་མི་སྣ10འཛིན་བཟུང་བྱས་ཡོད་ཅེས་བཤད་འདུག

རང་མིང་བཤད་འདོད་མེད་པའི་ས་ལ་ཧེ་ཏིང་ཞིང་ཆེན་གྱི་ཉེན་རྟོག་དཔོན་རིགས་ཞིག་གིས། དབྱི་རག་སྐམ་དམག་དང་ཉེན་རྟོག་དཔུང་སྡེས་ཞིང་ཆེན་དེའི་ལྟེ་བའི་གྲོང་ཁྱེར་གྲས་ཤིག་ཡིན་པའི་ས་མད་ལའི་ཉེ་འགྲམ་དུ་མཉམ་འབྲེལ་བྱ་སྤྱོད་སྤེལ་ནས། བྱ་སྤྱོད་ནང་མེ་བདའ་རྒྱག་རེས་བྱས་པ་དང་བདེ་འཇགས་དཔུང་སྡེའི་དམག་མི12ལ་རྨས་སྐྱོན་བཟོས་ཡོད་པ་དང་དེའི་ནང་ལུས་ཤོག་རིམ་པའི་དཔོན་རིགས་གཅིག་ཚུད་ཡོད་ཅེས་གསུངས་འདུག

ས་ལ་ཧེ་ཏིང་ཞིང་ཆེན་ནི་ཤུན་ནི་ཤོག་ཁག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་པ་དང་རྟེན་གཞིའི་སྒྲིག་འཛུགས་ཀྱིས་བྱེད་སྒོ་སྤེལ་མང་བའི་ས་ཁུལ་ཞིག་ཡིན་པ་དང་། དྲག་ཤུགས་བྱེད་སྒོ་མང་པོ་ཐོན་གྱི་ཡོད་པ་རེད། སྤྱི་ཚེས21ཉིན་རྟེན་གཞིའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་ནས། ཉེ་ཆར་དབྱི་རག་ཏུ་ཐོན་པའི་འཇིགས་སྐུལ་འཇབ་རྒོལ་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་དང་སྤེལ་ཡོད་པ་ཁས་ལེན་བྱས་འདུག   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག