མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་དམངས་ཚོགས་ཀྱིས་ཨའོ་པ་མའི་འགན་ཡུན་གཉིས་པར་རེ་ཞུ་མི་འདྲ་བ་ཡོད་ལུགས་མཚོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས21ཉིན་གྱི་ཉིན་དགུང་ཨ་རིའི་ཙུང་ཐུང་ཨའོ་པ་མས་འགན་གནས་བཞེས་པའི་དམ་བཅའ་བཞག་ཡོད་པ་དང་། འགན་ཡུན་གཉིས་པ་འཁུར་འགོ་ཚུགས་ཡོད་པ་རེད། སྤྱི་དམངས་ཀྱི་འགན་གནས་བཞེས་པའི་མཛད་སྒོར་ཞུགས་མཁན་མང་ཚོགས་ཀྱིས་ཨའོ་པ་མས་འགན་ཡུན་གཉིས་པ་ཁུར་རིང་རེ་ཞུ་མི་འདྲ་བ་ཡོད་ལུགས་མཚོན་པར་བྱས་ཡོད་པ་རེད།

མིང་ཉི་སུའུ་ཏན་མངའ་སྡེ་ནས་ཡིན་པའི་ཨ་ཧྥེ་རི་ཁ་གླིང་རྒྱུད་ཀྱི་བུད་མེད་ཁེ་ལའོ་ཏེས། ཨའོ་པ་མས་འགན་ཡུན་གཉིས་པ་བཞེས་རིང་ཁོང་གིས་འགན་ཡུན་དང་པོ་བཞེས་སྐབས་ནུས་ཤུགས་ཆེན་པོས་གྲོས་འཆམ་གནང་བའི་སྨན་བཅོས་བསྒྱུར་བཅོས་ཁྲིམས་གཞི་དོན་འཁྱོལ་ཇེ་མགྱོགས་སུ་བྱས་ནས། མི་ཚང་མས་ནད་ལྟ་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་དེ་ཁོང་གི་ནང་མིའི་ངོས་ནས་བཤད་ན་དེ་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན་ཞེས་གསུངས་འདུག ཞི་ཁེ་ཆོས་ལུགས་ཀྱི་དད་ལྡན་པ་སང་ཏུའུ་ཡིས། ཨའོ་པ་མས་འགན་ཡུན་གཉིས་པ་བཞེས་རིང་ཕྱོགས་བསྡུས་རང་བཞིན་གྱི་གནས་སྤོས་ཡུལ་མིའི་སྲིད་ཇུས་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཨའོ་པ་མས་འགན་གནས་བཞེས་པའི་གཏམ་བཤད་སྤེལ་སྐབས་དམངས་ཚོགས་ནས་མཐུན་སྒྲིལ་བྱས་ནས། དུས་མཚམས་གསར་པའི་རིང་ཨ་རིའི་རྒྱལ་བཙུགས་སྙིང་སྟོབས་མངོན་པ་བྱ་རྒྱུའི་རེ་འབོད་གནང་ཡོད་པ་རེད། ཁོང་གིས་ལྟ་བ་གསར་པ་དང་ལག་རྩལ་གསར་པ་བེད་སྤྱད་ནས་སྲིད་གཞུང་དང་ཁྲལ་བསྡུའི་ལམ་ལུགས། སློབ་གསོ་བཅས་བསྒྱུར་བཅོས་བྱས་ཏེ། དོ་སྙོམས་ཀྱི་བྱེད་ཐབས་བརྒྱུད་སྨན་བཅོས་མ་གནས་ཆུང་དུ་གཏོང་རྒྱུ་དང་། རྒྱལ་ཕྲན་མཉམ་འབྲེལ་གྱི་མཚལ་ཡིག་ཉུང་དུ་བཏང་ནས། དཔལ་འབྱོར་གཞུང་དྲང་ཡོང་བ་དང་། འབྱོར་འབྲིང་གྲལ་རིམ་ལ་ཟུར་སྐྱོར། སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་བཅས་ཡོང་བ་བྱ་རྒྱུའི་བསྐྱར་བཤད་གནང་ཡོད་པ་རེད། ཁོང་གིས་བྱེད་ཐབས་སྤྱད་ནས། ཨ་རིའི་གནས་སྤོས་ཡུལ་མིའི་མ་ལག་ལེགས་བཅོས་བྱ་རྒྱུ་མ་ཟད་སློབ་ལོ་ལོན་པའི་བྱིས་པའི་བདེ་འཇགས་འགན་སྲུང་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག