མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཉིན་རེའི་ཚགས་པར་དང་པོའི་ཐོག་མ་ལིའི་དམག་འཁྲུག་དུས་ཚོད་རིང་ཙམ་རྒྱུན་མཐུད་བྱ་རྒྱུའི་ངོས་འཛིན་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཉིན་རེའི་ཚགས་པར་དང་པོ་ཧྥེ་ཅ་ལོའི་ཚགས་པར་ཞེས་པའི་དྲ་ཚིགས་ཐོག སྤྱི་ཚེས21ཉིན་གྱི་དགོང་མོ་བཏོན་པའི་དབྱེ་ཞིབ་རྩོམ་ཡིག་ཅིག་གི་ནང་། མ་ལིའི་དམག་འཁྲུག་དུས་ཚོད་རིང་ཙམ་རྒྱུན་མཐུད་བྱ་རྒྱུ་དང་། ས་ཁུལ་དེ་གའི་ཐལ་སྐྱོད་སྟོབས་ཤུགས་རྩ་མེད་བཟོ་རྒྱུ་དེ་ལས་སླ་པོ་ཞིག་མ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད། ཧྥ་རན་སིའི་རྒྱལ་སྲུང་པུའུ་ཀྲང་ལེ་ཏེ་ལི་ཨང་གིས། ཧྥ་རན་སིའི་དམིགས་འབེན་ནི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱིས་ཐལ་སྐྱོད་སྟོབས་ཤུགས་ཀྱི་དྲག་ཆས་ཀྱིས་བཙན་བཟུང་བྱས་པའི་མ་ལིའི་བྱང་རྒྱུད་རྦད་དེ་ཚུར་ལེན་རྒྱུར་རོགས་རམ་བྱ་རྒྱུ་དང་། འཇིགས་སྐུལ་རིང་ལུགས་རྩ་མེད་བཟོ་རྒྱུ་མ་ཟད་མ་ལིར་བསྐྱར་དུ་གཅིག་གྱུར་ཡོང་རྒྱུའི་ཆེད་དུ་ཡིན་ཞེས་བཤད་ཡོད་པ་རེད།

རྩོམ་ཡིག་ནང་། ཧྥ་རན་སིས་ད་ལྟ་བཀོད་སྒྲིག་བྱེད་བཞིན་པའི་ཨ་ཧྥེ་རི་ཁ་གླིང་ནུབ་མའི་རྒྱལ་ཁབ་ཀྱི་ཐེ་ཇུས་དཔུང་སྡེས་གང་མགྱོགས་ཧྥ་རན་སིའི་དམག་གི་ཚབ་བྱེད་ཐུབ་པ་མ་ཟད། སྣེ་ཁྲིད་ནས་མ་ལིའི་བྱང་རྒྱུད་དུ་དཔུང་འཇུག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།

ཧྥ་རན་སིའི་རྒྱལ་སྲུང་པུའི་དྲ་ཚིགས་ཀྱིས་སྤྱི་ཚེས21ཉིན་གྱི་དགོང་མོ་གནས་ཚུལ་སྤེལ་བའི་ནང་། སྤྱི་ཚེས17ཉིན་ནས་བཟུང་། ཁྱོན་ཨ་ཧྥེ་རི་ཁ་གླིང་ནུབ་མའི་རྒྱལ་ཁབ་ཀྱི་ནི་ཀྲེར་རི་ཡ་དང་། ནི་ཀྲེར། ཏོ་ཀེ པེ་ནིང་བཅས་ཀྱི་དམག་མི830མ་ལིའི་རྒྱལ་ས་པ་མ་པོར་འབྱོར་ནས་ཨ་ཧྥེ་རི་ཁ་གླིང་གིས་རང་སྒྲིག་དང་གཙོ་ཁྲིད་བྱེད་པའི་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པའི་གྲས་སུ་ཞུགས་ཡོད་ཅེས་བཤད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག