མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲ་ཝེ་སིས་ཁུ་པར་ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཀྲང་དང་ཆབ་སྲིད་ཐད་གྲོས་མོལ་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས21ཉིན་ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཀྲང་ཧའོ་ཡག་གིས་ཧ་ཝ་ནར་ཕེབས་ནས་དེ་གར་སྨན་བཅོས་དང་ལེན་གནང་བཞིན་པའི་ཙུང་ཐུང་ཁྲ་ཝེ་སེར་གཟིགས་པར་ཕེབས་ཡོད་པ་མ་ཟད། ཝེ་ནེ་ཙུའེ་ལས་ལ་ཏིང་ཨ་མེ་རི་ཁ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་ཐུན་མོང་མ་ལག་དང་ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུའི་གྲོས་གཞིར་བཀའ་མོལ་གནང་འདུག

ཧའོ་ཡག་གིས་སྤྱི་ཚེས21ཉིན་གྱི་དགོང་མོ། ཁོང་གིས་ཉིན་དེ་རང་དུ་ཁྲ་ཝེ་སེའི་དང་ཝེ་ནེ་ཙུའེ་ལེས་ལ་ཏིང་ཨ་མེ་རི་ཁ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་ཐུན་མོང་མ་ལག་དང་ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུའི་གྲོས་གཞིར་བཀའ་མོལ་གནང་ཡོད་པ་དང་། ཁྲ་ཝེ་སིས་གྲོས་གཞིར་གལ་ཆེའི་གཏན་འབེབས་གནང་ཡོད་པ་མ་ཟད་ཝེ་ནེ་ཙུའེ་ལའི་རྒྱལ་ནང་གི་སྤོ་ལི་ཝར་གསར་བརྗེ་མུ་མཐུད་གོང་འཕེལ་འགྲོ་བཞིན་ཡོད་པར་བློ་ཡིད་ཚིམ་པོ་གནང་བ་ཁྱབ་བསྒྲགས་གནང་འདུག

སྤྱི་ལོ2011ལོའི་ཟླ་བ6པ་ནས་བཟུང་ཁྲ་ཝེ་སིའི་མཚང་ཁོག་ལ་སྐྲན་ནད་ཕོག་ནས་ཁུ་པར་ཐེངས་མང་སྨན་བཅོས་གནང་བར་ཕེབས་ཡོད་པ་དང་། ན་ནིང་སྤྱི་ཟླ12པའི་ཚེས11ཉིན་སླར་ཡང་ཧ་ཝ་ནར་གཤགས་བཅོས་དང་ལེན་གནང་བ་མ་ཟད་ཟླ་བ1ལྷག་མི་འབོར་མང་སར་ཕེབས་མེད་པ་རེད། ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་ཉེ་ཆར། ཁྲ་ཝེ་སིའི་གཟུགས་གཞི་དྲག་སྐྱེད་བྱུང་ཚུལ་ཡག་པོ་ཡོད་པ་མ་ཟད་དུས་མཚམས་གསར་པའི་སྨན་བཅོས་དང་ལེན་གནང་བཞིན་ཡོད་པ་ར་སྤྲོད་བྱས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག