མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ཁི་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་བྱ་སྤྱོད་ཆེད་དུ་ལེགས་སྐྱེས་ཆེན་པོ་ཕུལ་བར་བསྔགས་བརྗོད་གནང་།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས21ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས། ཕ་ཁི་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་བྱ་སྤྱོད་ཆེད་དུ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ངས་སྤྱོད་བཟང་དེར་བསྔགས་བརྗོད་བྱེད་རྒྱུ་ཡིན་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན་ཅེས་དང་། ཁོང་གིས་ཐེངས་འདིའི་པར་རིས་འགྲེམ་སྟོན་ཐོག་ནས་ཞི་སྲུང་བྱ་སྤྱོད་ནི་དབང་ཆ་སྤྲད་པའི་ཞི་བའི་བྱ་སྤྱོད་ཞིག་ཡིན། ང་ཚོས་དམག་འཁྲུག་གི་སྡུག་བསྔལ་ཁྲོད་ལས་པའི་ཁྱིམ་ཚང་དང་གྲོང་ཁུལ་ལ་མཉམ་སྡེབ་ཁས་ལེན་བྱས་པ་ཞིག་ཀྱང་ཡིན་ཞེས་གསུངས་འདུག

ཁོང་གིས་ཉིན་ལྟར་ཞི་སྲུང་མི་སྣ94000ཙམ་གྱིས་མངའ་སྡེ་ཆེ་བ་བཞིའི་དམིགས་མངག་ཚོགས་པ15ཡི་ཁྲོད་ཁས་ལེན་བྱས་པ་དེ་ལག་བསྟར་བྱེད་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱིས་ཞ་མོ་སྔོན་མོ་གྱོན་པའི་ཞི་སྲུང་མི་སྣ་དེ་རྣམས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་འདུག ཐེངས་འདིའི་པར་རིས་འགྲེམ་སྟོན་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཕ་ཁི་སི་ཐན་གྱི་འཐུས་མི་ཚོགས་པས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ཁྱོན་རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས100ལྷག་འགྲེམ་སྟོན་བྱས་ཡོད་པ་དང་། ཕ་ཁི་སི་ཐན་གྱིས་སྤྱི་ལོ1960ལོ་ཚུན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་བྱ་སྤྱོད་ནང་ཞུགས་པའི་ཡུན་རིང་ལོ་རྒྱུས་ལ་དྲན་གསོ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག