མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་བྱང་སྣེའི་ལས་འཛིན་ལྷན་ཚོགས་ཀྱི་དུས་བཀག་མེད་པའི་ལྟ་ཞིབ་རྒྱལ་ཁབ་ལ་འགྱུར་རྒྱུའི་སྙན་ཞུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས21ཉིན་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨད་ཏེས། ནོར་ཝེས་ཀྲུང་གོས་བྱང་སྣེའི་ལས་འཛིན་ལྷན་ཚོགས་ཀྱི་དུས་བཀག་མེད་པའི་ལྟ་ཞིབ་རྒྱལ་ཁབ་ལ་འགྱུར་རྒྱུའི་སྙན་ཞུ་ཕུལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་དང་། ཁོང་གིས་ནོར་ཝེས་བྱང་སྣེའི་ལས་འཛིན་ལྷན་ཚོགས་ཀྱི་དུས་བཀག་མེད་པའི་ལྟ་ཞིབ་རྒྱལ་ཁབ་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། མིག་སྔར་ཁོངས་གཏོགས་རྒྱལ་ཁབ་གཞན་བར་ཐུན་མོང་ཐོག་འབད་བརྩོན་བྱས་ནས། འདི་ལོའི་སྤྱི་ཟླ5པར་སྐོང་འཚོག་བྱེད་རྒྱུའི་བྱང་སྣེའི་ལས་འཛིན་ལྷན་ཚོགས་ཀྱི་པུའུ་ཀྲང་གྲོས་ཚོགས་ཐོག་གནད་དོན་དེ་ཐག་གཅོད་བྱེད་རྒྱུར་སྟབས་བདེ་བསྐྲུན་བཞིན་ཡོད་ཅེས་གསུངས་འདུག

ཁོང་གིས་ནོར་ཝེས་འབྲེལ་ཡོད་རྒྱལ་ཁབ་ཚང་མའི་བར་བྱང་སྣེ་དང་འབྲེལ་ཡོད་གནད་དོན་སྐོར་གྱི་གལ་ཆེའི་གྲོས་གཞིར་གྲོས་མོལ་བྱེད་འདོད་ཡོད། ཀྲུང་གོ་ནི་སྐད་ཆ་དེ་རིགས་ཤོད་རེས་བྱེད་སའི་རྒྱལ་ཁབ་ཞིག་ཡིན་པ་ནི་སྨོས་མི་དགོས་པ་ཞིག་ཡིན་ཞེས་གསུངས་འདུག ཀྲུང་གོ་དང་། རྒྱ་གར། ལྷོ་ཁོ་རེ་ཡ། སིང་ག་ཕོར་བཅས་ཀྱིས་བྱང་སྣེའི་ལས་འཛིན་ལྷན་ཚོགས་ལ་དུས་བཀག་མེད་པའི་ལྟ་ཞིབ་རྒྱལ་ཁབ་གྲས་སུ་ཞུགས་རྒྱུའི་སྙན་ཞུ་དངོས་སུ་ཕུལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག