མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁ་མེ་ལུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་འཇིགས་སྐུལ་ལ་ཁ་གཏད་གཅོག་རྒྱུའི་རེ་འབོད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས21ཉིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཏེ་ཝེ་ཁ་མེ་ལུན་གྱིས་གྲོས་ཚོགས་ལ་ཨར་ཅི་རི་ཡ་བའི་མི་གཏའ་བཙན་ཁྲིད་དོན་རྐྱེན་གྱི་བརྡ་ཁྱབ་གཏོང་སྐབས། དབྱིན་ཇི་ནས་ཡིན་པའི་མི་གཏའ་གསུམ་ད་ཐེངས་ཀྱི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱུང་ཡོད་ཅེས་གསུངས་པ་དང་། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་འཇིགས་སྐུལ་ལ་ཁ་གཏད་གཅོག་རྒྱུའི་རེ་འབོད་གནང་ཡོད་པ་རེད།

ཁ་མེ་ལུན་གྱིས་ཨར་ཅི་རི་ཡས་མི་གཏའ་བཙན་ཁྲིད་བྱས་པ་མ་ཟད་བསད་པའི་དོན་རྐྱེན་ནི་འཇིགས་སྐུལ་རིང་ལུགས་པའི་བྱེད་སྟངས་ཤིག་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་བྱང་མའི་རྒྱལ་ཁབ་དང་མི་སེར་ལ་འཇིགས་སྐུལ་བཟོས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུན་མོང་ཐོག་ལན་ཆ་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཁ་མེ་ལུན་གྱིས་ད་དུང་། དབྱིན་ཇིས་རྒྱལ་ཁབ་བརྒྱད་ཚོགས་པའི་རེས་འཁོར་ཀྲུའུ་ཞིའི་འགན་འཁུར་རིང་ཨ་ཧྥེ་རི་ཁ་གླིང་བྱང་མའི་འཇིགས་སྐུལ་རིང་ལུགས་དེ་གཙོ་གནད་ཐོག་དོ་ཁུར་བྱ་ཡུལ་ནང་འཇུག་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། དབྱིན་ཇིས་ད་ལོའི་སྤྱི་ཟླ1པོ་ནས་བཟུང་རྒྱལ་ཁབ་བརྒྱད་ཚོགས་པའི་རེས་འཁོར་ཀྲུའུ་ཞིའི་འགན་འཁུར་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག