མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ངོ་རྒོལ་ཤོག་ཁག་གིས་སི་རི་ཡའི་བར་བརྒལ་སྲིད་གཞུང་འཛུགས་པའི་དུས་ཚོད་ནར་འགྱངས་གཏོང་རྒྱུ་གཏན་འཁེལ་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས21ཉིན་སི་རི་ཡའི་ངོ་རྒོལ་ཤོག་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་ཞེས་པས་གསལ་བསྒྲགས་སྤེལ་ནས། མིག་སྔར་དབྱི་སི་ཐན་པུར་གྲོས་ཚོགས་ལ་ཞུགས་བཞིན་པའི་ངོ་རྒོལ་ཤོག་ཁག་གི་འགོ་ཁྲིད་མི་སྣས་སི་རི་ཡའི་བར་བརྒལ་སྲིད་གཞུང་འཛུགས་རྒྱུ་ནར་འགྱངས་གཏོང་རྒྱུ་གཏན་འཁེལ་གནང་ཡོད་ཅེས་འཁོད་འདུག

སི་རི་ཡའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་ཞི་ཤི་ཏ་ཡིས། མིག་སྔར་ངོ་རྒོལ་ཤོག་ཁག་གི་འགོ་ཁྲིད་མི་སྣས་བར་བརྒལ་སྲིད་གཞུང་གི་གྲུབ་ཆར་གྲོས་བསྡུར་གནང་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་གཟའ་འཁོར་གཉིས་སོང་རྗེས་ཞིབ་ཕྲའི་ནང་དོན་ཡོངས་གྲགས་བྱེད་བཟོ་ཡོད་ཅེས་དང་། ཁོང་གིས་ང་ཚོའི་དམིགས་ཡུལ་ནི་སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་འཐུས་མི་བྱེད་ཐུབ་པའི་ཙུང་ལི་ཞིག་འདེམས་རྒྱུ་དེ་ཡིན། མི་དེ་ནི་ངེས་པར་དུ་ཡིད་ཆེས་བྱེད་ཕོད་པ་ཞིག་ཡིན་དགོས་པ་མ་ཟད། སི་རི་ཡའི་མི་དམངས་ཀྱི་རེ་འདུན་མཚོན་ཐུབ་པའི་མི་ཞིག་ཡིན་དགོས་ཅེས་གསུངས་འདུག

ཁོང་གིས་སི་རི་ཡའི་ཙུང་ཐུང་པ་ཧྲར་གྱིས་བཏོན་པའི་ཞི་བདེའི་སྒོ་ནས་ཉམས་ཉེན་ལ་བར་འདུམ་བྱེད་རྒྱུའི་གྲོས་འགོ་དང་ལེན་བྱེད་རྩིས་མེད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག