མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ཚད་གཞི་གསར་བ་གཏན་འབེབས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་རྡུལ་ཕྲན་ནུས་པའི་སྒྲིག་སྲོལ་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཚེས21ཉིན་ཆེད་མཁས་པའི་གྲོས་ཚོགས་བསྡུས་ཏེ། གནོད་འགོག་བྱེད་ཐབས་མང་བོ་འདུས་པའི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ཚད་གཞི་གསར་བ་གཏན་འབེབས་བྱས་ནས། ཧྥུའུ་ཏའོ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་པོའི་དོན་རྐྱེན་ལྟ་བུའི་དོན་རྐྱེན་ཚབས་ཆེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་རྒྱུ་རེད།

ཐེངས་འདིའི་ཁྱབ་སྒྲོག་བྱས་པའི་ཚད་གཞི་གསར་བའི་འཆར་ཟིན་ནང་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་ཇུས་འགོད་ཚད་གཞི་དང་། ཇུས་གཞིའི་ཚད་གཞི་ལས་བརྒལ་བའི་དོན་རྐྱེན་ཚབས་ཆེན་འབྱུང་སྐབས་ཇི་ལྟར་རྒུད་སྐྱོབ་བྱེད་ཐབས་སྤྱོད་པ་སོགས་འདུས་པ་དང་། རྒྱལ་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱས་རྗེས་ཟླ7པར་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག