མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྣུམ་འདྲུད་གྲུ་གཟིངས་ཤིག་ཁོ་ཐེ་ཏི་ཝོར་མཚོ་ཁོངས་ནས་དྲག་ཆས་པས་བཙན་ཁྲིད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ཐེ་ཏི་ཝོར་ཨ་པུས་རང་གྲུ་ཁའི་ལས་དོན་སྤྱི་ཁྱབ་ཅུའུ་ཡིས་ཚེས21ཉིན་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཟླ་འདིའི་ཚེས16ཉིན་གྱི་དགོང་མོར་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པུས་རང་གི་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཕཱ་ནཱ་མཱའི་རྒྱལ་དར་བཏགས་ཡོད་པའི་སྣུམ་འདྲུད་གྲུ་གཟིངས་ཤིག་བཙན་ཁྲིད་བྱས་ཟེར།

ཨ་པུས་རང་གྲུ་ཁའི་ལས་དོན་སྤྱི་ཁྱབ་ཅུའུ་ཡི་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། གྲུ་ཁའི་ལས་དོན་ལྟ་རྟོགས་གཞུང་སྒྲུབ་ཁང་གིས་སྐབས་དེར་སྣུམ་འདྲུད་གྲུ་གཟིངས་དེ་གྲུ་ཁར་ཡོང་བའི་འགྲོ་ལུགས་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་། དེའི་རྗེས་སུ་སྣུམ་འདྲུད་གྲུ་གཟིངས་དེ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་པའི་བརྡ་འབྱོར་བ་རེད་ཟེར།

གྲུ་ཁའི་ལས་དོན་སྤྱི་ཁྱབ་ཅུའུ་ཡིས་བཤད་རྒྱུར། སྣུམ་འདྲུད་གྲུ་གཟིངས་དེ་སྤྱི་ཁྱབ་པུའུ་ནེ་ཀྲིར་ཡཱའི་ལཱ་ཀི་སི་རུ་ཡོད་པའི་ཀུང་ཟི་ཞིག་ལ་གཏོགས་པ་དང་། གྲུ་གཟིངས་དེ་ཁོ་ཐེ་ཏི་ཝོར་ནས་བཙན་ཁྲིད་བྱས་རྗེས་ཁྱིམ་མཚེས་རྒྱལ་ཁབ་ཀ་ནཱའི་མཚོ་ཁོངས་ནས་མཐོང་མྱོང་ཟེར། མིག་སྔར་ཆེད་དོན་ཨུ་ཡོན་ལྷན་ཁང་བཙུགས་ཏེ་བཙན་ཁྲིད་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག