མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-22 11:11

1.jpg

  ཟླ1པོའི་ཚེས21ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཏོན་ནས། ཨོ་པཱ་མཱ་ཡིས་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་དམ་བཅའ་བཞག་སྟེ་ཨ་མེ་རི་ཁའི་ཙུང་ཐུང57པའི་འགན་ཁུར། ཉིན་དེར། ཨ་མེ་རི་ཁའི་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོ་རྒྱལ་ས་ཝ་ཧྲིན་ཏོན་ནས་སྤེལ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་བསྟུད་འགན་ཁུར་བའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས21ཉིན་གྱི་ཉིན་གུང་ཝ་ཧྲིན་ཏོན་གྱི་རྒྱལ་ཚོགས་རི་བོ་ནས་བསྡུས་པའི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་དམ་བཅའ་བཞག་སྟེ་ལས་འགན་དངོས་སུ་ཁུར། ཁོས་དེའི་རྗེས་སྤེལ་བའི་ལས་འགན་ཁུར་བའི་གཏམ་བཤད་ཁྲོད་མང་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཏེ། དུས་སྐབས་གསར་བར་ཨ་མེ་རི་ཁའི་རྒྱལ་འཛུགས་སྙིང་སྟོབས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ཞོར་དུ་འགན་ཁུར་ཡུན་གཉིས་པའི་ཕྱི་འབྲེལ་འདོད་བློ་རྒྱས་བཤད་བྱས། མནའ་འབྲེལ་ལ་ཤུགས་སྣོན་པ་དང་ཞི་བའི་ཐབས་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་བར་གྱི་འགལ་བ་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར།

  ཉིན་དེའི་དམ་བཅའ་འཇོག་པའི་མཛད་སྒོ་ལ་ཆེས་མཐོའི་ཁྲིམས་ཁང་གི་ཀྲུའུ་ཞི་ལོ་པོ་ཚི་ཡིས་མགོ་འཛིན་བྱས་པ་དང་། ཨོ་པཱ་མཱ་ཡིས་ལོ་པོ་ཚི་ཡི་སྣེ་ཁྲིད་འོག་ལས་འགན་ཁུར་བའི་དམ་བཅའ་སྒྲོག་འདོན་བྱས། དེའི་རྗེས་སུ་ཨོ་པཱ་མཱ་ཡིས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་འཛུགས་སྙིང་སྟོབས་བསྐྱར་སྒྲོག་བྱས་པ་དང་། མང་ཚོགས་ཀྱིས་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། སྙིང་སྟོབས་དེ་དག་རང་འགུལ་གྱིས་མངོན་འགྱུར་བྱེད་ཐབས་མེད་ལ། མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་དེ་མངོན་འགྱུར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག