མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱིས་ཞི་བདེ་འཛུགས་སྐྲུན་བྱ་བར་ཡར་སྐུལ་བྱེད་དགོས་པ་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས21ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱིས་ཕྱོགས་བསྡུས་ཀྱིས་ཞི་བདེ་འཛུགས་སྐྲུན་བྱ་བར་རྒྱུས་ལོན་བྱེད་པའི་འགྲན་རྩོད་ལ་དཔྱད་འཇོག་དང་འཆར་འགོད་བྱས་ཏེ། ཡུན་རིང་གི་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་གྲུབ་འབྲས་ཐོབ་པར་བྱེད་དགོས་པ་ནན་བཤད་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་གནད་དོན་ཐད་ནད་གྲོས་ཚོགས་བསྡུས་ཏེ་གྲོས་མཐུན་བཀོད། གྲོས་ཆོད་ལས་བཤད་རྒྱུར། རིམ་པ་མང་བོའི་ཞི་བདེ་སྲུང་སྐྱོབ་ཆེད་མངག་ཚོགས་པས་གཙོ་སྒྲུབ་རྒྱལ་ཁབ་ཀྱིས་ཞི་བདེ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གལ་ཆེན་གཏན་འབེབས་བྱེད་པ་དང་། འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚོགས་པས་ཞི་བདེ་འཛུགས་སྐྲུན་བྱ་བར་ནུས་ལྡན་གྱི་ཁོར་ཡུག་ཅིག་བསྐྲུན་པ། རང་སྟེང་ནས་ཞི་བདེ་འཛུགས་སྐྲུན་བྱ་བ་སྤེལ་བར་རོགས་རམ་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་གྱིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག