མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་དབུས་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི27ལ་ཤི་རྨས་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དབུས་ཕྱོགས་ཀྱི་ཨེ་སི་ཡུག་ཐི་ཞིང་ཆེན་ནས་ཚེས21ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི14རྐྱེན་ལམ་དུ་ཤོར་བ་དང་། མི13ལ་རྨས་ཕོག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས21ཉིན་གྱི་ཞོགས་པར་གླ་གཏོང་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཨེ་སི་ཡུག་ཐི་ཞིང་ཆེན་གྱི་མཚོ་དམར་གཞུང་ལམ་སྟེང་ནས་ཐོ་བརྒྱབ་སྟེ། མི་མང་བོར་ཤི་རྨས་བཟོས་པ་རེད། ཤི་བོའི་ཁྲོད་དུ་ལོ15ལ་སོན་མེད་པའི་བྱིས་པ3ཡོད། རྟོག་ཞིབ་རགས་ཙམ་བྱས་པའི་མཇུག་འབྲས་ལྟར་ན། དོན་རྐྱེན་དེའི་འབྱུང་རྐྱེན་ནི་རླངས་འཁོར་མགྱོགས་དྲགས་པས་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག