མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མ་ལིའི་སྲིད་གཞུང་ནས་མ་ལི་སྲིད་གཞུང་གིས་བྱང་རྒྱུད་ས་ཁུལ་ཚུར་ལེན་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས20ཉིན་ཧྥ་རན་སིའི་རྒྱལ་སྲུང་པུའུ་ཀྲང་ལེ་ཏ་ལི་ཨང་གིས། ཧྥ་རན་སིས་མ་ལིར་སྤེལ་བའི་དམག་དོན་བྱ་སྤྱོད་ཀྱི་དམིགས་ཡུལ་ནི་མ་ལི་སྲིད་གཞུང་ནས་རྒྱལ་ཁབ་དེའི་ཐད་སྐྱོད་སྟོབས་ཤུགས་ཀྱི་དྲག་ཆས་པས་ཚོད་འཛིན་བྱས་པའི་བྱང་རྒྱུད་ས་ཁུལ་ཚུར་ལེན་ཆེད་ཡིན་པ་དང་། ཧྥ་རན་སིས་མ་ལིར་བཀོད་སྒྲིག་བྱས་པའི་ཨ་ཧྥེ་རི་ཁ་གླིང་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་མ་ལག་གི་དཔུང་སྡེས་གང་མགྱོགས་ཧྥ་རན་སིའི་དམག་གི་ཚབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

དེ་མིན་ཧྥ་རན་སིའི་རྒྱལ་སྲུང་པུས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན། སྤྱི་ཚེས19ཉིན་གྱི་དགོང་མོ་ནས་སྤྱི་ཚེས20ཉིན་གྱི་དགོང་མོའི་བར། ཧྥ་རན་སིའི་དམག་གིས་དམག་འཐབ་གནམ་གྲུ་དང་དྲག་ཆས་ཐད་འཕུར་གནམ་གྲུ་ཐེངས10ཙམ་བཏང་ཡོད་པ་དང་། ཕྱེད་ཀ་ཡན་མ་ལིའི་ཐད་སྐྱོད་སྟོབས་ཤུགས་དྲག་ཆས་ཀྱི་རླངས་འཁོར་ལ་རྡུང་རྡེག་གཏོང་བའི་ཐད་བེད་སྤྱོད་བྱས་ཡོད་པ་རེད། དེ་དང་དུས་མཚུངས། ཧྥ་རན་སིའི་དམག་དང་མ་ལི་སྲིད་གཞུང་དམག་གིས་པ་མ་ཁར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། ཐད་སྐྱོད་སྟོབས་ཤུགས་ཀྱི་དྲག་ཆས་པས་སླར་ཡང་པ་མ་ཁེར་དཔུང་འཇུག་བྱ་རྒྱུར་བཀག་འགོག་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག