མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་བར་བརྒལ་སྲིད་གཞུང་འཛུགས་པའི་བྱ་བ་རྗེས་སུ་སྣུར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་གྱིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་ཐན་པོར་དུ་ཚོགས་འདུ་བསྡུ་བཞིན་པའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པས་སི་རི་ཡཱའི་བར་བརྒལ་སྲིད་གཞུང་འཛུགས་པའི་བྱ་བ་རྗེས་སུ་སྣུར་རྒྱུ་ཐག་བཅད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པས་མི5ཡིས་གྲུབ་པའི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ། ཉིན10ཡི་ནང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་ལ་གནས་སྐབས་སྲིད་གཞུང་འཛུགས་པའི་གྲོས་གཞི་འདོན་རྩིས་ཡོད་ཟེར།

སི་རི་ཡཱའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཞི་ཏཱ་ཡིས་གསར་འགོད་པར་བཤད་རྒྱུར། མིག་སྔར་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པས་བར་བརྒལ་སྲིད་གཞུང་གི་གྲུབ་ཚུལ་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། ཚོད་དཔག་བྱས་ན་གཟའ་འཁོར་གཉིས་ཀྱི་རྗེས་སུ་ནང་དོན་ཞིབ་རྒྱས་ཁྱབ་སྒྲོག་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག