མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕོ་ལན་གྱི་ཙུང་ཐུང་གིས་མོང་གོལ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཙུང་ཐུང་མའོ་ལོ་ཧྥུའུ་སི་ཅི་ཡིས་ཚེས21ཉིན་ཧྭ་ཧྲ་ནས་བསྟན་དོན། ཕོ་ལན་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། རྒྱལ་སྲུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར།

ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨི་ལེ་པེ་ཀི་རྡོ་རྗེ་དང་གྲོས་མོལ་བྱས། ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཆེད། ཕོ་ལན་གྱིས་ཉིས་སྟོང་དགུ་ལོར་སྒོ་བརྒྱབ་པའི་མོང་གོལ་དུ་ཡོད་པའི་ཕོ་ལན་གཞུང་ཚབ་ཁང་སླར་གསོ་བྱེད་པའི་འཆར་གཞི་ཡོད་ཟེར།

ཨི་ལེ་པེ་ཀི་རྡོ་རྗེ་ཡིས་བསྟན་དོན། ཕོ་ལན་གྱི་འགྲུལ་བཞུད་ལས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་དུས་རིམ་གསར་བ་གསར་སྐྲུན་ཐུབ་པ་དང་། མོང་གོལ་དང་ཕོ་ལན་རྒྱལ་ཁབ་གཉིས་བར་ཐུན་མོང་གི་གནས་མང་བོ་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་སྲུང་ཁྱབ་ཁོངས་ནས་མི་སྣའི་བར་གྱི་མཉམ་ལས་ཟབ་མོ་བྱེད་དགོས་ཟེར།

གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་ཕོ་ལན་གྱི་ཙུང་ཐུང་བཞུགས་ཤག་ནས་བསྡུས་པའི་མཉམ་ལས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས། རྒྱལ་ཁབ་གཉིས་ཀྱི་ཞིང་ལས་དང་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་པ་དང་། ཕྱོགས་གཉིས་ཀྱིས་ཐོག་དང་པོར་རྒྱལ་སྲུང་ཁྱབ་ཁོངས་ནས་མཉམ་ལས་ཡིག་ཆ་བཅུ་བཞི་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག