ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་རྒྱང་ལ་གཅོད་བཞིན་ཡོད་པ་དང་། ཐུར་ཁེ་ཡིས་གནས་བབ་ཀྱི་འཕེལ་རྒྱས་གནས་ཚུལ་ལ་དཔྱད་འཇོག་བྱས་ཏེ། གལ་ཏེ་དགོས་གལ་ཡོད་ན་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་དང་ཁ་བྲལ་དུ་བྱེད་སྲིད་ཟེར།
ཉེ་སྔོན་ཡོ་རོབ་གླིང་གྲོས་ཁང་གིས་སྙན་ཞུ་ཅིག་གི་ནང་ཐུར་ཁེ་ཨུ་རུ་སིའི་བཀག་སྡོམ་ནང་མ་ཞུགས་པར་སྐྱོན་འཛུགས་བྱས་པར་མ་ཟད། མིག་སྔའི་གནས་ཚུལ་འོག་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ལས་རིམ་སླར་གསོ་བྱེད་ཐབས་མེད་ཟེར། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། སྙན་ཞུ་དེ་ནི་ཁུངས་ལུང་ཅི་ཡང་མེད་པའི་སྐྱོན་འཛུགས་དང་ཕྱོགས་རིས་ཀྱི་ལྟ་ཚུལ་རེད་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཐུར་ཁེ་ཡིས་དགོས་གལ་ཡོད་པའི་སྐབས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་ཁ་བྲལ་བྱེད་སྲིད་པའི་ཚུལ་བསྟན།