ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་དང་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་དྲུག་ཉིན་ཨུ་རུ་སིའི་ཧྥུའུ་ལཱ་ཏིས་ཨོ་སི་ཐའོ་ཁི་གྲོང་ཁྱེར་ནས་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་བདེ་འཇགས་མཉམ་ལས་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་དང་ཧྲའོ་དབྱེ་ཀུའུ་ཡིས་ས་ཁུལ་དང་རྒྱལ་སྤྱིའི་དམག་དོན་ཆབ་སྲིད་གནས་བབ་ལ་གྲོས་བསྡུར་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཁྲའོ་ཞན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་དྲག་ཆས་སྟོབས་ཤུགས་དང་རྒྱལ་སྤྱིའི་བདེ་འཇགས་ཁྱབ་ཁོངས་ཀྱི་འཐབ་ཇུས་འཐབ་རྩལ་རོགས་རེས་མཉམ་ལས་དང་ཕན་ཚུན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།