《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》དབྱི་ཐ་ལི་ཡི་གེའི་པར་མ་དབྱི་ཐ་ལི་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་སྔོན་ལ《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》དབྱི་ཐ་ལི་ཡི་གེའི་པར་མ་དབྱི་ཐ་ལི་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་། དེའི་དམིགས་ཡུལ་ནི་དབྱི་ཐ་ལིའི་ཀློག་པ་པོ་ཚོས་སྔར་ལས་དོན་དངོས་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་དང་སྲིད་འཛིན་འདུ་ཤེས་ལ་རྒྱུས་ལོན་བྱེད་པར་རོགས་འདེགས་བྱ་རྒྱུ་དེ་རེད།

《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》དབྱི་ཐ་ལི་ཡི་གེའི་པར་མ་དཔེ་སྐྲུན་འགྲེམ་སྤེལ་གྱི་བཞུགས་མོལ་ཚོགས་འདུ་ཚེས13ཉིན་དབྱི་ཐ་ལིའི་རྒྱལ་ས་རོ་མ་རུ་འཚོགས་པ་རེད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པའམ་ཀྲུང་དབྱང་རྩོམ་སྒྱུར་ཅུའུ་ཡི་ཅུའུ་ཀྲང་ཁྲའེ་ཧྥང་གོ་ཡིས་བཞུགས་མོལ་ཚོགས་འདུའི་སྟེང《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཀྱི་ནང་དོན་གཙོ་བོ་ཁག་ངོ་སྤྲོད་གནང་བ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱ་རིང་འབད་འཐབ་བྱས་པའི་མཚར་སྡུག་འོད་སྟོང་གི་ལོ་རྒྱུས་དང་། རླབས་ཆེན་གྱི་གྲུབ་འབྲས། རྩ་ཆེའི་ཉམས་མྱོང་བཅས་རྒྱས་བཤད་གནང་།

དབྱི་ཐ་ལིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅ་ཀུའེ་ཏེ་ཡིས་ཤིས་ཚིག་ཕུལ་སྐབས། ཀྲུང་གུང་ཏང་གི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལྡེ་མིག་ལྟ་བུ་ཡིན་པ་དང་།《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》ཀྱིས་དབྱི་ཐ་ལིའི་ཀློག་པ་པོར་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་བྱེད་པ་ནས་བདེན་དོན་དང་ཕྱོགས་ཡོངས། གསོན་ཉམས་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ངོ་མ་མཐོང་ཐུབ་པར་ནུས་པ་གལ་ཆེན་ལྡན་པར་བཤད།

དབྱི་ཐ་ལིའི་གུང་ཁྲན་ཏང་གི་རྒྱལ་ཡོངས་ཧྲུའུ་ཅི་ཨ་ཨར་པོ་ལེ་ཞི་ཚུད་པའི་མི50ལྷག་བཞུགས་མོལ་ཚོགས་འདུར་ཞུགས།

《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》དབྱི་ཐ་ལི་ཡི་གེའི་པར་མ་ནི་དབྱི་ཐ་ལིའི་དུས་རབས21པའི་མར་ཁེ་སི་དཔེ་སྐྲུན་ཁང་གིས་ཡིག་སྒྱུར་དང་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།