ལི་པི་ཡ་ཤར་རྒྱུད་ཀྱི་རྒྱ་མཚོའི་རླུང་འཚུབ་ལས་མི5500ཡན་ཤི་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏི་ལི་པའོ་ལིའི་གསར་འགྱུར་ལྟར་ན། ལི་པི་ཡ་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཕྲོད་བསྟེན་པུའུ་ཡི་འཕྲལ་བསྟུན་སྡེ་ཁག་གིས་ཚེས13ཉིན་བཤད་རྒྱུར། རྒྱ་མཚོའི་རླུང་འཚུབ་ཏན་ཉི་ཨར་ཡིས་ལི་པི་ཡ་ཤར་རྒྱུད་ས་ཁུལ་དུ་མི5500ཡན་རྐྱེན་ལམ་དུ་བཏང་བ་དང་། གཞན་ཡང་མི་ཁྲི1ཙམ་གར་སོང་ཆ་མེད་དུ་གྱུར།

འཕྲལ་བསྟུན་སྡེ་ཁག་གི་མགྲིན་ཚབ་པ་ཝུའུ་ས་མ་ཨ་ལི་ཡིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱ་མཚོའི་རླུང་འཚུབ་ཀྱིས་ཆུ་ལོག་བྱུང་ནས་ལི་པི་ཡ་ཤར་རྒྱུད་ས་ཁུལ་དུ་མི5500ལྷག་ཤི་བ་དང་། མི7000ལྷག་ལ་རྨས་སྐྱོན་ཐེབས་ལ། མི་ཁྲི1ཙམ་གར་སོང་ཆ་མེད་དུ་གྱུར། གནོད་སྐྱོན་ལས་ས་ཁུལ་དེའི་མི་ཁྲི3ལྷག་གནས་མེད་ཡུར་གྱར་དུ་གྱུར་ཏེ་གཞི་རྩའི་དངོས་ཟོག་ཚབས་ཆེར་སྟོངས་བར་གྱུར་ཡོད།  ཁོས་བསྟན་དོན། མིག་སྔར་གནོད་ཐེབས་ས་ཁུལ་དུ་བེམ་པོ་མང་པོ་ཆུ་ལོག་ནས་ཐོན་བཞིན་ཡོད་ལ། མིག་སྔར་མཇུག་མཐའི་ཤི་གྲངས་གཏན་ཁེལ་བྱེད་ཐབས་མེད་ཟེར།

རྒྱ་མཚོའི་རླུང་འཚུབ་ཏན་ཉི་ཨར་ཚེས10ཉིན་ལི་པི་ཡ་ཤར་རྒྱུད་ས་ཁུལ་གྱི་ཏི་ཀྲུང་ཧའེ་མཚོ་འགྲམ་དུ་ཐོན་པ་མ་ཟད་ཆུ་ལོག་བཟོས་ལ། ཤར་རྒྱུད་གྲོང་ཁྱེར་ཏི་ཨར་ན་དང་པའེ་ཏ། ཧྲོའུ་ཧ་ཐི་བཅས་སུ་མི་སྣ་མང་པོར་རྨས་སྐྱོན་ཐེབས། ལི་པི་ཡ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ་ཡིས་ཚེས11ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོང་གསལ་གནོད་ཁུལ་ལ་རོགས་སྐྱོར་བྱ་རྒྱུའི་འབོད་སྐུལ་བྱས་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།