ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཅིན་ཀྲེང་ཨེན་ཚེས12ཉིན་སྔ་མོར་ཨུ་རུ་སུའི་མཐའ་མཚམས་གྲོང་ཁྱེར་ཏེ་ཧ་སང་དུ་འབྱོར་ཡོད་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས13ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ཚེས12ཉིན་སྔ་མོར་ཨུ་རུ་སུའི་མཐའ་མཚམས་གྲོང་ཁྱེར་ཏེ་ཧ་སང་དུ་འབྱོར་ཡོད་པ་རེད།

ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས། ཅིན་ཀྲེང་ཨེན་ཨུ་རུ་སུར་དངོས་གཞིའི་འཚམས་འདྲི་ཕེབས་པའི་དམིགས་ཡུལ་ནི་ཁྲའོ་ཞན་དང་ཨུ་རུ་སུ་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་པར་བཤད།

སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས12ཉིན་གྱི་ཆུ་ཚོད6པར་ཅིན་ཀྲེང་ཨེན་སྡོད་པའི་ཆེད་གཏོང་མེ་འཁོར་ཧ་སང་མེ་འཁོར་འབབ་ཚུགས་སུ་འབྱོར་ཞིང་། ཅིན་ཀྲེང་ཨེན་གྱིས་མེ་འཁོར་འབབ་ཚུགས་སུ་ཨུ་རུ་སུའི་དཔོན་རིགས་ལ་ཐུག་འཕྲད་གནང་རྗེས་དམིགས་སར་བསྐྱོད་པ་རེད།

ཚེས12ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཅིན་ཀྲེང་ཨེན་གྱིས་ཚེས10ཉིན་གྱི་ཕྱི་དྲོར་ཁྲའོ་ཞན་གྱི་རྒྱལ་ས་ཕིང་རང་ནས་ཆེད་གཏོང་མེ་འཁོར་བསྡད་དེ་ཨུ་རུ་སུར་འཚམས་འདྲི་གནང་བར་ཕེབས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།